རྩོམ་རྩལ།


དགེ་རྒན།།                
བསྟན་འཛིན་གྲགས་པ། བརྒྱད་པ་གསར་ཉ།

 བྱམས་བརྩེ་ལྡན་པའི་དགེ་རྒན་ཁྱེད་ཚོ་ནི།། ང་ཚོར་མུན་པ་འདི་ལས་ཐར་བ་འབད།།
དྲིན་ཆེན་ཁྱེད་ཀྱི་བདག་ལ་ལམ་བཟང་སྟོན།།  འོད་མདངས་ཅན་གྱི་ཤེས་རབ་རླབས་ཆེན་བྱིན།།
གནས་འདིར་ཁྱེད་ལྟར་སྐྱེ་བོ་ཡོད་པ་ནི།།  ཧ་ཅང་རིན་ཐང་ཆེ་ལ་བཀའ་དྲིན་ཆེ།།
སློབ་མ་ང་ཚོས་རྟག་ཏུ་འཚོར་བ་ནི།།   སྐྱེ་བ་ལྔ་བརྒྱ་སོང་ཡང་བརྫེད་མི་སྲིད།།
ཕུན་སུམ་ཚོགས་པའི་སློབ་གྲྭ་འདི་ཡི་ནང།། སློབ་ཕྲུག་དུ་མ་རང་བཞིན་བཟང་པོར་གྱུར།།
གོ་སྐབས་འདི་འདྲ་ཡོད་པས་ནུས་པ་ནིིི།།     ལྷད་མེད་དགེ་རྒན་ཁྱེད་ཚོས་བཀའ་དྲིན་ཡིན།།



གལ་སྲིད།
སྐལ་བཟང་སྒྲོལ་དཀར།    བཅུ་པ་གདུགས།
ཁྲོམ་ལ་ཡར་མར་འགྲོ་སྐབས།      ། མི་སྣ་འདྲ་མིན་མཐོང་དུས། །
མཛེས་པའི་མི་དང་ཕྲད་སྐབས།     །སེམས་པ་ཧ་ཅང་ན་གྱི། །
ང་རང་གཟུགས་མཛེས་མེད་པས།   །ཤེས་སྤྱོད་ཟུང་ལ་བརྩོན་ནོ། །
གང་ལའང་བལྟ་བཟོ་མེད་ན།         །ཚེ་འདི་འཕྲོ་བརླག་བཏང་རེད། །
ང་ལ་བརྩེ་བའི་གྲོགས་ཚོས།         །ཕྱི་གཟུགས་མདོག་ངན་ལབ་སྟབས། །
རང་སེམས་ཧ་ཅང་སྐྱོ་ཡང་།    །བྱེད་ཐབས་བྲལ་བའི་གནས་གྱུར། །
སེམས་པ་ག་ཚོད་བཟང་ཡང་།   །ཕྱི་གཟུགས་མ་མཛེས་རྐྱེན་གྱིས། །
མཐོང་ཆུང་དམའ་འབེབ་གཏོང་ས།  །གུས་མོ་ང་རང་ཆགས་འདུག །
གལ་སྲིད་ང་རང་མཛེས་ན།      །གལ་སྲིད་ང་རང་བསྐམ་ན། །
གལ་སྲིད་རྫོགས་རྒྱུ་མེད་ན།    །དོན་མེད་དཀའ་ལས་འཕར་མ། །
གྲོགས་པོ་ཡག་པོ་ཟེར་བ་ནི།    །མཛེས་སྡུག་དབྱེ་བ་ཁྱད་མེད་འཛིན། །
ཕྱི་གཟུགས་ཁོ་ནར་བལྟ་བའི་གྲོགས།  །མི་ཚེའི་སྙིང་པོ་སྟོང་འཛད་གྱུར། །
རང་གཞན་ཀུན་འདོད་ཞི་བདེ་དང་།  །ཚང་མར་མི་དགོས་སྡུག་བསྔལ་ཡིན། །
ནང་སེམས་བྱམས་བརྩེའི་རང་མདངས་དེ།  །ཕྱི་གཟུགས་མཛེས་པའི་ཅི་ལ་ཕན། །
དེས་ན་ཕྱི་ནང་གཉིས་ཀྱི་ཁྱད་པར་ནི།  །བྱམས་བརྩེ་འོད་མདངས་ཁོ་ནར་ཐུག །
དེ་ལྟར་བསམས་ན་གུས་མོ་ང་།   །ཀུན་གྱི་ཡིད་འོང་འཕྲོག་པའི་ཡུལ། །
འདི་ཕྱི་དགོས་འདོད་ཀུན་འབྱུང་གཙོ།   །ཚེ་རབས་བདེ་སྐྱིད་འཐོབ་པར་ངེས། །
ཕྱི་ལྤགས་མཛེས་པའི་ཅི་ལ་ཕན།   །ནང་སེམས་དུང་དཀར་བྱམས་བརྩེས་ཕན། །

ལས་དབང་གི་བཀོད་པའི་བུ་ཆུང་ཁྱེད།
ཚེ་རིང་ལྷ་མོ། བཅུ་པ་གདུགས།
ཚ་སྡུག་འཚིག་པའི་དབྱར་ཁའི་དུས་ཤིག་ལ།  །ཤིང་ལོ་ཆེ་བའི་སྡོང་རིག་ཞིག་གི་འོག 
ཁ་ཁུ་སིམ་པོའི་དཔེ་དེབ་མཐུག་པོ་གཅིག  །ལག་ཏུ་ཟིན་ནས་རྣ་བ་གཞན་དུ་གཡེངས། 
ཞལ་རས་དཀར་གསལ་རྒྱལ་སྲས་ལྟ་བུ་འདྲ།  །མིག་ཟུག་རི་དྭགས་ཤ་བ་ལྟ་བུ་མཚུངས། 
བལྟ་བཟོ་དོད་པོ་ཁྱེད་དང་འདྲ་བའི་བུ།   །བདག་གི་རྨི་ལམ་ནང་དུ་མི་འཆར་རོ། 
ཧོབ་སྟེ་ཁ་ལ་རྐང་འཁོར་བཞོན་པ་ལས།  །ས་རུ་འུར་སྒྲ་ངར་པོའི་ངང་ནས་ལྷུངས། 
ཁྱེད་ཀྱིས་ལམ་སེང་བུ་མོ་ང་ཡི་ཕྱོགས།  །རི་དྭགས་རྒྱལ་པོ་སྟག་ལྟར་རྒྱུགས་ནས་བསླེབས། །
དངོས་གནས་ཚེ་སྔོན་ལས་དབང་བཟང་པོའི་རྐྱེན།  །དུས་དེ་བཟུང་སྟེ་ཁྱེད་དང་མཉམ་ལེན་བྱས། 
དགའ་དགའ་སྤྲོ་སྤྲོའི་ངང་ནས་རྩེད་དགར་རོལ།  །ཁྱེད་ནི་བྲལ་ཐབས་མེད་པའི་ཚེ་གྲོགས་གྱུར། 


ང་ཡི་སྐྱིད་པའི་ཕ་ཡུལ།
བསྟན་འཛིན་ཆོས་སྒྲོན། 
བཅུ་པ་གདུགས།
ང་ཡི་སྐྱིད་པའི་ཕ་ཡུལ།  །མཛེས་ཤིང་ཡིད་དུ་འོང་བ། 
མཐའ་རུ་གངས་རི་བསྐོར་བའི།  །འཛམ་བུ་གླིང་གི་ཡང་ཐོག 
བྱང་སེམས་ཅན་གྱི་ཕ་ཡུལ།  །རྩམ་གཟན་ཆོས་དད་ཆེ་བ། 
ཞི་བདེར་གནས་པའི་ཡུལ་དེ།  །རྒྱ་དམར་བཙན་འཛུལ་བྱས་སོང་། 
ཕྱི་ལོ་ང་དགུའི་སྐབས་སུ།  །ཀླ་ཀློས་བཙན་དབང་འོག་ལ། 
སེམས་བཟང་བོད་མི་རྣམས་ཀྱི།  །ཁ་བའི་ཕ་ཡུལ་ཕྲོགས་སོང་། 
རྒྱ་དམར་བཙན་འཛུལ་བྱས་ནས།  །གཏོར་བཤིག་ཚད་མེད་བཏང་སོང་། 
འོ་ཅག་བོད་མི་འུ་ཐུག  །ཐབས་ཟད་ངང་ནས་བྲོས་དགོས། 
༸གོང་ས་མཆོག་དང་བོད་མི།  །རྒྱ་གར་འཕགས་ཡུལ་ཕྱོགས་སུ། 
བཙན་བྱོལ་ཕེབས་དགོས་བྱུང་ནས།  །མི་ལོ་དྲུག་ཅུ་ཕྱིན་སོང་། 
རང་གི་རང་དབང་དོན་དང་།  །ཁ་བ་ལྗོངས་ཀྱི་དོན་དུ། 
མ་འོངས་སོན་རྩ་ང་ཚོར།  །ཤེས་ཡོན་གོ་སྐབས་བསྐྲུན་སོང་། 


མཚན་མོའི་ཉི་མ།
བསྟན་འཛིན་མཆོག་བསྟན།
བཅུ་པ་གདུགས།
སྣང་བྱེད་ནུབ་ཕྱོགས་རི་བོའི་རྒྱབ་ཏུ་ཐིམ།  །ཐིམ་རྗེས་བུ་ང་ཉལ་ཁྲི་སྟེང་དུ་ཉལ། 
ཉལ་བའི་དུས་དེར་རང་བཞིན་མིག་ཆུ་ཁེངས།  །ཁེངས་བའི་མིག་ཆུ་བདག་གི་མ་ཡུམ་འདྲ། 
ཡིད་ལ་བདེ་བར་བྱིན་མཁན་ཀུན་མུད་གཉེན།   །མ་ཡི་བཀའ་དྲིན་ཚོར་བར་བཀའ་དྲིན་ཆེ། 
ཕ་ཡི་བསླབ་བྱ་ཐོས་པ་ཐུགས་རྗེ་ཆེ།  །བདག་གི་འཇིགས་སྣང་སེལ་བས་སྐྱབས་སུ་མཆིས། 
རིལ་རིལ་བཞིན་དུ་འོད་ཟེར་ཀུན་ལ་ཁྱབ།  །ཕ་མའི་ཞལ་རས་བདག་གི་མིག་ནང་མཇལ། 
བདག་གི་གྲོགས་པོ་བཞིན་དུ་དགའ་སྐྱིད་གནང་།  ག་ལེར་བདག་ལ་ཞི་བདེ་བྱིན་ནས་ཐོན། 



སྙིང་སྡུག་མ།
རྡོ་རྗེ་བསྟན་འཛིན།
བཅུ་པ་བུམ་པ།
འཚོ་བྱེད་ཉིན་མོར་བུ་ངའི་ཉལ་ཁང་ནས།  །རྒྱུ་སྐར་རྒྱལ་པོར་ཐག་རིང་སློབ་གྲྭ་རུ། 
འོད་དཀར་རིལ་རིལ་བདག་གི་འགྲམ་དུ་བསླེབས།  །དེ་མ་ཐག་ཏུ་བདག་མིང་འབོད་པར་གནང་། 
དངངས་འཚབ་སྐྱེས་ཏེ་རྨོངས་གཉིད་རབ་ཏུ་སད།  །བྲེལ་འཚུབ་ངང་ནས་རྒྱུ་སྐར་ལམ་དེར་བལྟས། 
རྨི་ལམ་ནང་གི་འོད་དཀར་རིལ་རིལ་དེ།  །བདག་གི་སྙིང་སྡུག་མ་ཡི་ཞལ་རས་མཚུངས། 
མ་ཉལ་གོང་དུ་བསམ་བློ་གཏོང་བའི་སྐབས།  །རྒྱ་མཚོ་དགའ་དེ་མཁའ་ལ་ཤར་བར་སྣང་། 
སྙིང་སྡུག་ཁྱེད་ཀྱི་དཀར་གསལ་ཟླ་འདྲའི་ཞལ།  །རི་བོང་འཛིན་ཞེས་ཁྱེད་ཀྱི་མིང་དུ་ཕུལ། 
བདག་གི་སྙིང་སྡུག་མི་མཛེས་གཞན་གྱི་བསམས།  །ཡིན་ཡང་བདག་ལ་མོ་ནི་མཚོ་སྐྱེས་མཚུངས། 
སྙིད་སྡུག་མ་ལ་རང་སེམས་ཆ་ཚང་ཤོར།  །བདག་སྙིང་མོ་ཡིས་ཁྱེར་བས་བསོད་ནམས་ཆེ། 


སློབ་གྲྭའི་མི་ཚེ།
ལྷག་པ་སྒྲོལ་མ།
བཅུ་པ་བུམ་པ།
རང་མུན་ནག་ཁང་དུ་ཐིམས་པའི་སྐབས།   །ཆེད་མུན་ཡུལ་འདི་ནས་ཐར་བར་འབད། 
རང་ལོ་ན་གཞོན་པའི་དུས་སྐབས་སུ།   །ཕ་བཟང་པོ་ཁོང་གིས་ལམ་ཕྱོགས་བསྟེན། 
དེ་རྗེས་མར་སློབ་གྲྭའི་ལམ་ཕྱོགས་སུ།   །རྒྱབ་དཔེ་ཁུག་འཁུར་ནས་སློབ་གྲྭར་བསྐྱོད། 
ཁང་གྲུ་བཞི་ནང་དུ་སློབ་ལ་བརྩོན།  །ལྷན་ང་དང་འདྲ་བའི་བྱིས་པ་ཕྲད། 
གནས་ཟང་ཟིང་ལྡན་པའི་སྤྱི་ཚོགས་ནང་།   །ཁྱོད་ང་དང་འདྲ་བའི་འགྲན་སེམས་བསླེབས། 
མཐར་སྡུག་བསྔལ་ལམ་ནས་མ་གྲོལ་བར།    །རང་སྡུག་བསྔལ་ནང་ནས་ཐར་ཐབས་བྱ། 


བོད་ཀྱི་སོན་རྩ།།
སྤེན་པ་རིན་འཛིན་
བརྒྱད་པ་གདུགས།

ཞིང་འདི་བོད་ཁྱིམ་ནང་ལ།།
སོན་རྩ་བོད་ཕྲུག་སྤུན་ཟླ།།
བོད་གསར་འཛུགས་སྐྲུན་བྱེད་པར།།
མྱུ་གུ་འབུས་མཁན་འཚང་ཁ། །

འོད་དེ་རྒྱལ་བའི་འོད་ཟེར།།
ཚར་དེ་ཤེས་བྱའི་སྦྲང་ཆར།།
བྱམས་བརྩེ་དྲོད་གཤེར་འདྲོམས་པས།།
ལོ་ཡག་རྩ་བ་ཚུགས་སོ།།

ཞིང་བཟང་བོད་ཁྱིམ་གླིང་ལ།།
བྱམས་བརྩེ་ཚུ་རྒྱུན་བྲན་པས།།
བློ་ལྡན་གསར་སྐྱེས་ལྗང་གཞོན།།
དགའ་བའི་རླབས་ཁྲེང་གས་སོ།།


དུས་རབས་ཉེར་གཅིག་གི་གཞོན་ནུ།
བློ་བཟང་རྒྱ་མོ།
བརྒྱད་པ་གསེར་ཉ།

དུས་རབས་ཉེར་གཅིག་འདི་ཡི་ནང་།།
ཤེས་བྱར་འགྲན་པའི་དུས་བཟང་ཡིན།།
རང་རེ་གཞོན་སྐྱེས་ཕོ་མོ་རྣམས།།
ཉིན་རེ་ལས་འགན་མ་དོར་བར།།

འཇིག་རྟེན་ཞིང་ཁམས་དངོས་པོ་འདིར།།
མི་ངན་བྱ་ངན་ལས་རྣམས་ལ།།
ཕར་ལྟ་ཚུར་ལྟ་བྱས་པ་དང།།
གསེར་དང་འདྲ་བའི་དུས་བཟང་འདིར།།

ཕར་རྒྱུགས་ཚུར་རྒྱུགས་བྱ་པ་།།
གང་དུ་གནས་ཀྱང་བྱ་རྣམས་ནི།།
དཀའ་ངལ་བྱུང་སའི་གཞི་ཡིན་ནོ།།
སྙོག་གླིང་བྱུང་སའི་ལག་ཆ་ཡིན།།


བདག་གི་དྲིན་ཆེནཕ་མ།
བསྟན་འཛིན་བདེ་ལེགས།
དགུ་པ་གདུགས།

ལོ་ན་ཆུང་དུས་སྐབས་ཀྱི་བདག་ཉིད་མི་ཚེ་དེ།།
དྲིན་ཆེན་བྱམས་སེམས་དཀར་པོའི་ཕ་མས་གསོ་སྐྱོང་གནང།།
ལྷིང་འཇགས་ཕ་མའི་ཐུགས་རྗེའི་བཀའ་དྲིན་མཚུངས་མེད་ལས།།
གུས་པའི་བྱིས་པའི་མི་ཚེ་བརྗེད་ཐབས་མེད་པར་གྱུར།།

སོ་སོའི་མི་ཚེ་མདུན་ལམ་ཡག་པོ་མི་གྱུར་ཀྱང།།
ང་ཡི་མ་འོངས་མི་ཚེ་བཟང་པོར་ཡོང་བའི་ཆེད།།
བོད་ཁྱིམ་ཅོན་ཏ་ར་ཡི་སློབ་གྲའི་ནང་དུ་བདག།།
མི་ཚེ་བཟང་པོར་ཆེད་དུ་སློབ་སྦྱོང་སྦྱང་བར་་བཏང།།

ཕ་མ་དྲིན་ཆེན་ཁྱེད་ཀྱི་སློབ་གསོ་རེ་རེ་རྣམས།།
གུས་པའི་ཉིན་ལྟར་ལག་ལེན་ནང་དུ་གནས་བཞིན་ལ།།
ཁྱེད་ཀྱི་བསོད་ནམས་ལྡན་པའི་འཛུམས་མདངས་ར་བ་ལས།།
གུས་པའི་ཉིན་རེ་སློབ་སྦྱོང་ཡར་རྒྱས་ཤིན་ཏུ་ཕྱིན།།

ལོ་རིང་མ་མཇལ་རང་བཞིན་མིག་གི་མིག་ཆུ།།
ཁྱེད་ཀྱི་སྐུ་པར་ག་ཚོད་བལྟས་ཀྱང་ཁྱེད་རང་དྲན།།
ད་ལྟ་ཁྱེད་རང་གམ་དུ་མེད་དུས་སེམས་པ་སྐྱོ།།
གལ་ཏེ་ཁྱེད་རང་མཉམ་དུ་ཡོད་ན་བློས་ཀྱི་མིན།།

མི་ཚེ་འདི་ནང་ཁྱེད་མཉམ་ཁ་བྲལ་བྱེད་འདོད་མེད།།
མི་ཚེ་འདི་ནང་ཁྱེད་ཀྱི་བཀའ་དྲིན་བརྗེད་ཐབས་མེད།།
མི་ཚེ་འདི་དང་ཕྱི་མ་ཁྱེད་མཉམ་བསྐྱེལ་འདོད་ཡོད།།
ཕ་མ་དྲིན་ཆེན་ཁྱེད་གཉིས་གུས་པའི་སེམས་ནང་ཡོད།།

སྐྱོ་གདུང་གི་མཆི་མ།             
བསྟན་འཛིན་བདེ་སྐྱིད།
དགུ་པ་བུམ་པ།
མཛེས་པའི་དགའ་ཚལ་བཀྲ་བའི་ཁོར་ཡུག་ཏུ།
སྣ་ཚོགས་འཛོལ་མོའི་ངག་གི་དབྱངས་རྟ་སྙན།
འོན་ཀྱང་བདག་གི་ཐོས་བའི་བུ་ག་རུ།
ཁུ་བྱུག་སྔོན་མོ་དབྱངས་ལས་ཡོད་མ་ཡིན།

ལོ་ཟླ་རིང་པོའི་ཉིན་ཞག་ཕྲེང་བའི་ནང་།
ཁྱོད་གདོང་ཟླ་བའི་བརྙན་རིས་མཛེས་པའི་དཔལ།
ཡིད་ཀྱི་སྟོང་དབྱིངས་ངོས་ལ་ཤར་གྱུར་པས།
ལོ་ཟླ་མཛུབ་རྩེར་གྲངས་པ་ཨེ་མ་སྐྱོ།

རྨི་ལམ་སྒྱུ་མའི་ཞིང་ནས་ཕྱིར་མཇལ་པས།
སེམས་ཀྱི་དག྄འ་བ་རྒྱས་པ་བརྗོད་ཐབས་བྲལ།
དོན་དངོས་ཡོད་པ་ནམ་མཁའི་འཇའ་མཚོན་གཟུགས།
དེ་ལྟར་ཉིན་མའི་མཚན་གང་སྐྱོ་བའི་ངང་ནས་རྫོགས།

ཆ་རྒྱུས་གནམ་ས་ལས་མེད་གཞན་ཡུལ་འདིར།
བྲལ་ཁའི་སྙིང་གཏམ་མེ་ཏོག་བློར་བཀོད་ལས།
སྐྱོ་གདུང་མཆི་མ་ཤོར་བས་ཟུངས་ཟད་དེ།
གང་ཁྱེད་དྲན་པས་རང་ཚུགས་ཟིན་ཐབས་བྲལ།

མཚམས་ཡིན་འོད་མདངས་འབར་བའི་འཇིག་རྟེན་འདིར།
སྙིང་དམར་བྱུ་རུའི་མེ་ལོང་ཡངས་པོ་རུ།
སྔ་མའི་འདས་དོན་ཡིད་ལ་འཁོར་གྱུར་ནས།
གང་ཁྱོད་མཛའ་བོ་དྲན་པའི་སྙན་ངག་གྱེར།



 བདག་གི་དྲིན་ཆེནཕ་མ།
བསྟན་འཛིན་ བདེ་ལེགས།
དགུ་པ་གདུགས།


ལོ་ན་ཆུང་དུས་སྐབས་ཀྱི་བདག་ཉིད་མི་ཚེ་དེ། །
དྲིན་ཆེན་བྱམས་སེམས་དཀར་པོའི་ཕ་མས་གསོ་སྐྱོང་གནང་ །།
ལྷིང་འཇགས་ཕ་མའི་ཐུགས་རྗེའི་བཀའ་དྲིན་མཚུངས་མེད་ལས།།
གུས་པའི་བྱིས་པའི་མི་ཚེ་བརྗེད་ཐབས་མེད་པར་གྱུར།།

སོ་སོའི་མི་ཚེ་མདུན་ལམ་ཡག་པོ་མི་འགྱུར་ཀྱང།།
ང་ཡི་མ་འོངས་མི་ཚེ་བཟང་པོར་ཡོང་བའི་ཆེད།།
བོད་ཁྱིམ་ཅོན་ཏ་ར་ཡི་སློབ་གྲའི་ནང་དུ་བདག།།
མི་ཚེ་བཟང་པོའི་ཆེད་དུ་སློབ་སྦྱོང་སྦྱང་བར་་བཏང་།།

ཕ་མ་དྲིན་ཆེན་ཁྱེད་ཀྱི་སློབ་གསོ་རེ་རེ་རྣམས།།
གུས་པའི་ཉིན་ལྟར་ལག་ལེན་བསྟར་གྱི་ཡོད་བཞིན་ལ།།
ཁྱེད་ཀྱི་བསོད་ནམས་ལྡན་པའི་འཛུམས་མདངས་ར་བ་ལས།།
གུས་པའི་ཉིན་རེའི་སློབ་སྦྱོངཡར་རྒྱས་ཤིན་ཏུ་ཕྱིན།།

ལོ་རིང་མ་མཇལ་རང་བཞིན་མིག་གི་མིག་ཆུ།།
ཁྱེད་ཀྱི་སྐུ་པར་ག་ཚོད་བལྟས་ཀྱང་ཁྱེད་རང་དྲན།།
ད་ལྟ་ཁྱེད་རང་གམ་དུ་མེད་དུས་སེམས་པ་སྐྱོ།།
གལ་ཏེ་ཁྱེད་རང་མཉམ་དུ་ཡོད་ན་གློད་ཀྱི་མིན།།

མི་ཚེ་འདི་ནང་ཁྱེད་མཉམ་ཁ་བྲལ་བྱེད་འདོད་མེད།།
མི་ཚེ་འདི་ནང་ཁྱེད་ཀྱི་བཀའ་དྲིན་བརྗེད་ཐབས་མེད།།
མི་ཚེ་འདི་དང་ཕྱི་མ་ཁྱེད་མཉམ་བསྐྱེལ་འདོད་ཡོད།།
ཕ་མ་དྲིན་ཆེན་ཁྱེད་གཉིས་གུས་པའི་སེམས་ནང་ཡོད།།



ངའི་བླ།
པད་མ་ནོར་བུ།    དགུ་པ་གདུགས།
ཁ་བའི་ལྗོངས་ཀྱི་ཡུལ་ནས།།
རིན་ཆེན་ནོར་བུ་འཁྲུངས་ཤག །
མི་ཚོགས་ཀུན་གྱི་སེམས་ནང།།
ཁོང་གི་ཞལ་རས་ཤར་བྱུང་།།
ལོ་ན་ཕྲ་བོའི་སྐབས་སུ།།
སྐུ་ངལ་དཔག་མེད་མྱངས་བ།།
ཡིན་ཡང་བོད་མིའི་རྣམས་ལ།།
བྱམས་བརྩེ་ལྷད་མེད་གནང་ཡོད།།
བོད་མི་བཙན་བྱོལ་སྐབས་སུ།།
ཐུགས་སེམས་ཧ་ཅང་སྐྱོ་ཡང།།
བོད་མི་བུམ་ཕྲག་ཆེད་དུ།།
གདན་ས་རེ་རེ་གནང་ཡོད།།

དེ་ཡང་སློབ་ཕྲུག་རྣམས་ལ།།
ཤེས་ཡོན་དར་རྒྱས་ཆེད་དུ།།
དགེ་བའི་བཤེས་གཉེན་རྣམ་པ།།
བོད་ཁྱིམ་ནང་དུ་བཅུག་ཡོད།།

ཁྱོད་ཀྱི་བཀའ་དྲིན་འདི་ནི།།
བོད་མི་སྤུན་ཟླ་ཀུན་ལ།།
བདེ་སྐྱིད་ཉི་འོད་བསྐྲུན་པ།།
ཁྱེད་ལ་ཐུགས་རྗེ་ཆེ་ཞུས།།
 མཛེས་ལྡན་ལགས།
བུ་མོ་མཛེས་ལྡན་ལྷ་མོ།།
ཁྱོད་ཀྱི་ཞལ་རས འདི་ནི།།
ཟླ་བ་ནང་བཞིན་ཤར་བས།།
གུས་པའི་རྣམ་ཤེས་ཡོམ་སོང་།།

ཐོག་མར་ལྡུམ་རའི་ནང་ཡོད།།
ཁྱོད་ཀྱི་འཛུམ་མདངས་མཐོང་སྐབས།།
མི་ཚེ་ཧྲིལ་པོའི་འདི་ནང་།།
རང་སེམས་ཁྱོད་ལ་ཤོར་སོང་།།




ས་ཕྱོགས་གང་སར་བལྟས་དུས།།
ཁྱོད་ཀྱི་ཞལ་རས་འཁོར་བྱུང་།།
བུ་མོ་ཁྱོད་ཀྱི་བདེ་སྐྱིད།།
གུས་པའི་མི་ཚེ་ཡིན་ནོ།།

ཁྱོད་ཀྱིས་བཏང་བའི་ཡིག་ཆུང་།
ཀློག་པ་ཙམ་གྱིས་སེམས་ཤོར།།
བུད་མེད་སྒེག་མའི་མེ་ཏོག།།
བདག་གི་སྙིང་ལྡུམ་ནང་གནས།།

བུ་མོ་མཛེས་ལྡན་ལགས།།
མི་ཚེ་འདི་དང་ཕྱི་མ།།
ཁྱེད་མཉམ་སྐྱེལ་འདོད་ཡོད་པས།།
བདག་རང་གཡུག་ནས་མ་འགྲོ།།


མཛེས་ལྡན་ལགས། 
ཨ་མར་ཐ་་ཕ །
དགུ་པ་གདུགས།
བུ་མོ་མཛེས་ལྡན་ལྷ་མོ།།
ཁྱོད་ཀྱི་ཞལ་རས་འདི་ནི།།
ཟླ་བ་ནང་བཞིན་ཤར་བས།།
གུས་པའི་རྣམ་ཤེས་བཅོམ་སོང།།


ཐོག་མར་ལྡུམ་རའི་ནང་ཡོད།།
ཁྱོད་ཀྱི་འཛུམ་མདངས་མཐོང་སྟབས།།
མི་ཚེ་ཧྲིལ་པོའི་འདི་ནང།།
རང་སེམས་ཁྱོད་ལ་ཤོར་སོང།།


ས་ཕྱོགས་གང་སར་བལྟས་དུས།།
ཁྱོད་ཀྱི་ཞལ་རས་འཁོར་བྱུང་།།
བུ་མོ་ཁྱོད་ཀྱི་བདེ་སྐྱིད།།
གུས་པའི་མི་ཚེ་ཡིན་ནོ།།

ཁྱོད་ཀྱི་བཏང་བའི་ཡི་གེ།།
ཀློག་པ་ཙམ་གྱིས་སེམས་ཤོར།།
ཡིད་འཕྲོག་དྲ་ཞིམ་མེ་ཏོག།།
བདག་གི་ལྡུམ་རའི་ནང་ཡོད།།
བུ་མོ་མཛེས་ལྡན་ལགས།།
མི་ཚེ་འདི་དང་ཕྱི་མ།།
ཁྱེད་མཉམ་སྐྱེལ་འདོད་ཀྱང།།
བུ་ང་གཡུག་ནས་མ་འགྲོ།།












འགྲན་ཐབས་མེད་པའི་བཀའ་དྲིན།       
                                                        སྤེན་པ་རྡོ་རྗེ་ཤར་ཇོ།
                                                        
བཅུ་པ་གསེར་ཉ།

བཀའ་དྲིན་བརྗེད་ཐབས་མེད་པའི་དགེ་རྒན།།

དགེ་རྒན་ཁྱེད་ཚོའི་ལྷད་མེད་བྱམས་བརྩེ།།

བརྩེ་བ་འདི་སོགས་འགྲན་ཐབས་མེད་ལ།།

ལ་ལུང་བརྒལ་ཡང་འཚོལ་ཐབས་དཀའ་འོ།།

ཞེས་པའི་ཚིགས་བཅད་འདི་ནི་ཅི་འདྲའི་རིན་ཐང་བྲལ་བ་ལ་ཨང། ཁྱེད་ཅག་ནི་རང་ཉིད་ཀྱི་གསེར་ལས་ཀྱང་དཀོན་པའི་དུས་ཚོད་རྣམས་སློབ་ཕྲུག་ང་ཚོ་ལ་སྦྱིན་པ། ལ་རྒྱ་ནི་ རི་རབ་ལས་ཀྱང་མཐོ་ལ་རྒྱ་མཚོ་ལས་ཀྱང་གཏིང་་ཟབ།  ངོ་མ་ཁྱེད་ཅག་ནི་གངས་ཅན་པའི་མི་སྣ་ངོ་མ་དེ་མ་ཡིན་ནམ། ཁྱེད་ཚོ་དང་འདྲ་བའི་ རང་ཉིད་ཀྱི་ནུས་པ་ཡོད་ཚད་བེད་སྤྱོད་བྱས་ནས།  སློབ་ཕྲུག་རྣམས་ལ་སློབ་སྦྱོང་སློབ་ནའང་ལ་རྒྱ་ དང་རྒྱལ་ཞེན། སེམས་ཚོར་སོགས་གང་ཡང་མེད་པའི་སློབ་ཕྲུག་དེ་དག་གིས་གསེར་ལས་དཀོན་པའི་དུས་ཚོད་དེ་  ཆུད་ཟོས་སུ་བཏང་ནས། རང་ཉིད་ཀྱི་མི་ཚེ་དེ་སྨྱོ་རྫས་སོགས་ལ་ལོངས་སྤྱོད་བྱས་ནས་འཇིག་རྟེན་གྱི་འཁོར་བ་ལ་ རོལ་བ་ནི་འགྱོད་གདུང་གི་སྤྲིན་ནག་འཁྲིགས་དགོས་པའི་གནས་ཚུལ་ཞིག་མ་ཡིན་ནམ།  འོན་ཀྱང་དགེ་རྒན་ཁྱེད་ཚོ་ ཐུགས་ཕམ་སྐྱེ་མི་དགོས།  གཞན་ཡུལ་དུ་ཤེས་རིག་གི་རྒྱ་མཚོའི་ནང་ཡོན་ཏན་གྱི་ནོར་བུ་ལེན་བཞིན་ཡོད་པའི་སློབ་མ་
ང་ཚོས་ཞོགས་པ་སྔ་ལངས་དང་དགོང་མོ་འཕྱི་ཉལ་བྱས་ནས་རང་ཉིད་ཀྱི་ནུས་པ་གང་ཡོད་སྟོན་ནས་གཙོ་བོ་ཁྱེད་ཚོའི་ ཞལ་ཆེམས་ལས་གསུངས་དོན་ལྟར་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་སོགས་ལ་འབད་བརྩོན་ལྷད་མེད་བྱེད་བཞིན་ཡོད་པས་ཐུགས་གཡེང་ནམ་ཡང་གནང་མི་དགོས།།











ངའི་དགེ་རྒན་དགའ་ཤོས།།



སའི་གོ་ལ་འདི་ཡི་ནང་སློབ་མ་མང་པོ་ཞིག་ཡོད་པ་ལ།ཕྲུ་གུ་སོ་སོ་ལ་དགེ་རྒན་དགའ་ཤོས་རེ་རེ་ཡོད་པ་ནང་བཞིན་གུས་མོ་ང་རང་ལ་ཡང་དགེ་རྒན་དགའ་ཤོས་ཡོད། ཁོང་གི་མཚན་ལ་རྒན་ཉི་མ་སྒྲོལ་དཀར་ཟེར།
ཁོང་གི་ལུས་ཀྱི་ཕྱི་ཚུལ་རྣམ་པ་ནི་གཟུགས་བཟང་ལ་སྐུ་གཟུགས་རིང་ཞིང་རིང་བ་དང་དབུ་སྐྲ་སྣུམ་ཤ་དོད་ལ་ནག་ཐིང་ཐིང་ཡིད་དུ་འོང་བ། བདག་གི་དད་པ་བྱེད་སའི་གཞི་ཞིག་ཡིན། ཁོ་མའི་ཞལ་རས་མཛུམས་གདངས་ཀྱི་འཁེངས་བ་དང་། སྤྱན་ཟུང་ལ་དུས་ནམ་རྒྱུན་དུ་ལྷག་བསམ་དཀར་པོའི་བརྩེ་གདུང་དང་བྱམས་བརྩེ་ལྡན།
ངག་གི་བརྗོད་པ་འཇམ་བཞིན་རྟག་ཏུ་སེམས་འཚོར་དང་སྙིང་གཏམ་གླེང་བ་དང། དུས་རྟག་ཏུ་སློབ་མ་ང་ཚོའི་ཆེད་དུ་མ་འོངས་མདུན་ལམ་ལེགས་པར་ཡོང་ཐབས་སུ་ཤ་ཚ་བའི་བསླབ་བྱ་དང་ ལམ་བསྟོན་ཡང་ནས་ཡང་དུ་གནང་བ་ཤིན་ཏུ་བཀའ་དྲིན་ཆེ།  སླད་ཁོང་གི་གསུངས་པའི་བརྗོད་བྱ་དེ་དག་ནི་རིན་ཐང་བྲལ་ལ་ནམ་ཡང་བརྗེད་མི་སྲིད། བྱས་ཙང་ཁོང་གིས་གསུངས་པ་དེ་ཐོས་པ་ཙམ་གྱི་སློབ་མ་ང་ཚོར་ལུས་སེམས་ཡོངས་སུ་རང་བཞིན་བདེ་བ་ཐོབཔ་དང།  རྟག་ཏུ་ཡིད་ལ་ལྷང་ལྷང་དུ་དྲན་བཞིན་འདུག

གུང་སེང་གི་དུས་སུ་རང་ཉིད་ཀྱི་དུས་ཚོད་གསེར་ལས་རིན་ཐང་ཆེ་བ་དེ་དག་སློབ་མ་ང་ཚོ་ལ་བསྐྱེལ་གྱི་ཡོད། སྐབས་རེ་སློབ་འཁྲིད་གནང་བ་དང་ཡིག་རྒྱུགས་སླེབས་ལ་ཉེ་བའི་དུས་སུ་དུས་ཚོད་མང་ཆེ་བ་ང་ཚོ་ལ་དམིགས་བསལ་བཏང་གི་ཡོད། ཁོང་ནི་ཤ་ཞེན་ཆེ་ལ། སེམས་ཤུགས་ལྡན་པ གཏོང་ཕོད་ཅནབཅས་ལྷག་བསམ་ལྡན་པའི་དགེ་རྒན་བཀའ་དྲིན་ཆེ་བ་ཡིན། དེ་མ་ཟད་དྲི་བ་དང་དོགས་འདྲི་གང་ཡོད་པ་ཐམས་ཅད་སེལ་བར་འབད་བརྩོན་གནང་གི་ཡོད། དེ་ཡང་ཁོང་གི་བཀའ་དྲིན་ལས་ང་ཙམ་མ་ཚད་བདག་དངམཚུངས་པའི་ན་ཆུངབྱིས་པ་ཚང་མས་ཚོར་བཞིན་ཡོད།

མདོར་ན་དགེ་རྒན་ཁྱེད་ཚོ་ནི་ཤེས་བྱའི་རིག་པའི་གནས་ལ་ཤིན་ཏུ་མཁས་ཤིང་སྤྱི་ཚོགས་གི་མི་སྣ་གལ་ཆེ་ཞིག་

ཡིན་པས་རང་གི་ལས་ལ་བཀོད་པའི་་ལས་ཀ་ལ་ཆོག་ཤེས་ངང་དགའ་སྤྲོ་ལྡན་པརགྱིས།།



 དྲིན་ཆེན་ཨ་མ།

མཁྱེན་རབ་བློ་གྲོས།

བཅུ་པ་བུམ།

དྲིན་ཆེན་ཨ་མ་ཞེས་པའི་ཚིག་འབྲུ་གསུམ་གྱི་གོ་དོན་དང་གནད་ཁག་ཞིག་བརྗོད་ན་ཉིན་གྱི་དང་པོ༷་གཉིད་ལས་སད་སྐབས་ཡར་ལངས་པ་དང་ལམ་སེང་རྣ་བར་ཨ་མའི་གསུང་སྐད་འཇམ་པོ་དེ་ཐོས་པ་དང་ཆབས་ཅིག་སྣ་བའི་ནང་ཟས་ཀྱི་དྲི་ཞིམ་ ལྷང་ལྷང་དུ་ཁ་བྱུང་བས་དེ་མ་ཐག་ཨ་མའི་སར་ཐབ་ཚང་ནང་དུ་ཕྱིན་སྐབས་ངའི་ཨ་མས་བུ་ཆུང་ང་ལ་སྒོ་ང་སྐྱ་རིལ་ཞིག་དང་བག་ལེབ་ཞིམ་པོ་ཅིག་བཟོས་འདུག   དེ་བཞིན་གསོལ་ཇ་མངར་མོ་དང་ཞོ་ཁོག་སིབ་སིབ་བཅས་ཅོག་ཙེའི་སྟེང་བཞག་ཡོད་སྟབས་ངས་དེ་མ་ཐག་ཏུ་ཨ་མའི་ཞལ་རས་ལ་བལྟས་ཏེ་ཨ་མར་ལག་ཟུང་གིས་འཇམ་པོ་ཞིག་བྱས་པ་ན་ཨ་མས་ང་ལ་དགའ་བའི་ཚོར་ཤུགས་ཆེན་པོ་ཞིག་དངོས་སུ་བསྟེན་ཏེ་འཛུམ་མདངས་ངང་བུ་བཞེས་ལག་མཆོད་དང་ཞེས་གསུངས།  ངའི་ཨ་མ་ལགས་ནི་ཞལ་རས་དཀར་གསལ་ཟླ་བ་དང་གཉིས་སུ་མཆིས་པ་མ་ཚད་ཐུགས་སེམས་ཡང་དུང་ལས་དཀར་བས་བྱམས་དང་སྙིང་རྗེའི་རང་མདངས་ཕྱིར་མངོན་ནོ།  ནམ་རྒྱུན་དུ་ངའི་ཨ་མས་སྤྲང་པོ་རྣམས་ལ་ཟས་དང་དངུལ་སོགས་སྦྱིན་འགྲུར་དགའ་ལ་བུ་ཆུང་ང་ལའང་རྟག་ཏུ་སྤྲང་པོ་དང་ཉམ་ཐག་སོགས་ལ་ཕན་ཐོགས་བྱ་དགོས་པའི་ཁ་བརྡ་བསླབ་བྱ་ཡང་ཡང་གནང་བར་བརྟེན་རང་བློར་རྒྱུན་གཏན་ནས་གཞན་ཕན་དང་ཕན་སེམས་ཀྱི་ཚོར་ཤུགས་ཆེན་པོ་ལྡན།  ངའི་ཨ་མས་ནང་གི་ལས་ཀ་ཡོངས་རྗོགས་གནང་བ་མ་ཟད་ང་ལའང་ཕྱི་ནང་གི་ལས་ཀ་རྣམས་ཡག་པོ་བྱས་མིན་ཐད་ཐུགས་སྣང་ནན་པོ་གནང་བ་སོགས་གང་ཅིའི་ཐོག་ཐབས་བྱུས་མཁས་པོ་ཡོད་པའི་ཨ་མ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཡོད་པས་བུ་ཆུང་ང་ཨ་མར་རྟག་ཏུ་དགའ།





བརྗིད་ཆགས་ལྡན་པའི་རྦབ་ཆུ།

འཕྲིན་ལས་དབང་མོ། 
བཅུ་པ་གདུགས།

སྲོག་ཆགས་འདྲ་མིན་གནས་པའི་རི་བོ་བརྗིད་ཆགས་ལྡན་པ་ཞིག་གི་དཀྱིལ་ན་རྦབ་ཆུ་ཡིད་དུ་འོང་བ་ཧ་ཅང་མཛེས་པ་ཞིག་ཆགས་ཡོད། རྦབ་ཆུ་དེ་མཐོ་ཚད་མཐོ་སྒང་ནས་ཐུར་དུ་བབ་ཞིང་ཉི་མའི་འོད་ཟེར་དང་ཕྲད་པ་ན་དགོང་མོ་གནམ་མཁའི་སྐར་མ་ལྟར་འོད་ཕྲ་ལྷེམ་ཆིམ་ཆིམ་དུ་བྱེད་པའི་ཁྱད་ཆོས་མཛེས་སྡུག་ལྡན་པ་ཞིག་བསྟེན་རྒྱུ་ཡོད།  ལྷན་དུ་མར་ལྷུངས་བའི་དུས་སྐབས་དེར་དབུ་སྐྲ་བསིལ་ལིང་ལྗང་པ་འདྲ་བར་ཐོགས་མེད་མར་དུ་བབ་ཡོད། དེ་ནི་སྲོག་ཆགས་འདྲ་མིན་སྣ་ཚོགས་ཀྱི་འཚོ་བའི་གནས་ས་ཡིན་པ་མ་ཟད། གནོད་སྐྱོན་དང་དཀའ་ངལ་མེད་པའི་གཞི་ཆགས་ནས་གནས་བའི་ས་ཁུལ་དེ་ཡིན། ཇི་སྲིད་དེ་ལ་འགྲོ་རྒྱུ་བྱུང་ན་རང་ཉིད་ལ་སྐད་སྙན་༼བྱུར་བྱུར༽སྒྲོགས་པ་དང ་བྱ་བྱིའུ་སྣ་ཚོགས་ ཀྱི་གསུང་སྙན་ཟབ་མོ་ཐོས་རྒྱུ་ཡོད།   མ་ཟད་དུས་ཚོད་ཉུང་ངུར་སྡོད་པ་ཡིན་ཡང་རང་ཉིད་ལ་རང་བཞིན་གྱི་ལྷ་ཡི་ཡུལ་དུ་བསླེབས་པ་དང་མཚུངས་བའི་འཚོ་བ་སྤྲོ་སྣང་ཅན་ཁྱད་པར་བ་ཞིག་བྱུང་གི་རེད། དེའི་རྐྱེན་གྱིས་ས་ཁུལ་དེར་གཞི་ཆགས་བསྡད་རྒྱུ་འཚོ་བ་དེ་ལ་མུ་མཐུད་དེ་གནས་རྒྱུ་ལས་བྲལ་རྒྱུའི་འཚོ་བ་ནམ་ཡང་སྐྱེས་མི་སྲིད།  བྱས་ཙང་མདོར་ན་རྦབ་ཆུ་དེ་ནི་འགྲོ་བ་ཡོངས་ཀྱི་སེམས་པའི་ནང་དུ་ཞི་བདེ་ཁོ་ན་སྤྲོད་མཁན་གྱི་དངོས་པོ་དམིགས་བསལ་བ་ཞིག་ཆགས་ཡོད། གང་ཡིན་ཞེས་ན་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་ཡིན་པའི་ཆ་ནས་ཕྱི་ དངོས་པོའི་རང་བཞིན་གྱི་མཛེས་སྡུག་ལས་སྐྱེས་འགྲོ་སྤྱིའི་ནང་སེམས་ཀྱི་ཚོར་བ་བདེ་སྐྱིད་ཁྱད་པར་བ་ཞིག་བསྐྲུན་ཐུབ་པ་གདོན་མི་ཟ་བས་རང་འབྱུང་གི་རྦབ་ཆུའི་མཛེས་སྡུག་ལས་སྐྱེ་འགྲོ་ཡོངས་རྫོགས ་ལ་སྤྲོ་སྣང་ལྡན་པའི་ཞི་བདེའི་ཚོར་བ་བསྐྲུན།





དགེ་རྒན་དཀོན་མཆོག་སྒྲོལ་མ།

དྲུག་པ་བུམ་པ།



དགེ་རྒན་ཟེར་བ་དེ་ང་ཚོའི་རྩ་བའི་བླ་མ་དང་གཅིག་མཚུངས་ཡིན་པ་ཞིག་ལ་དང་པོ་ཕྲུ་གུའི་སྐབས་རིག་པ་སེལ་མཁན་དགེ་རྒན་རྣམས་ཡིན་པས་བཀའ་དྲིན་ཆེན་པོ་རེད།   ཡིན་ནའང་བདག་གི་དམིགས་བསལ་དགའ་མོ་བྱེད་ས་དགེ་རྒན་ནི་བདག་གི་སློབ་གྲྭའི་ནང་ཡོད་པའི་དགེ་རྒན་རྣམ་པ་དང་ལས་བྱེད་ཚང་མ་ཡིན།  གང་ཡིན་ཟེར་ན་ང་རང་གཅིག་པུ་མ་ཡིན་པ་ད་ལྟ་བར་སློབ་ཕྲུག་ཡོད་ཚད་ཐམས་ཅད་དགེ་རྒན་རྣམས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན།     ད་ཆའི་དུས་སྐབས་དེར་དགེ་རྒན་རྣམ་པའི་སློབ་ཕྲུག་ཚོའི་རིག་པའི་སྒོ་མོ་འབྱེད་མཁན་གི་ལམ་སྟོན་པའམ་སློབ་མའི་བློ་རྒྱུད་ལ་རིག་རྩལ་དང་རིག་གསར་གསར་གཏོད་བྱེད་མཁན་གྱི་ལམ་སྟོནཔ་ཞིག་ཡིན་པའི་ཆ་ནས་བཀྲིན་འཁོར་ཟླ་བྲལ་བ་ཡིན།  འཇིག་རྟེན་འདིའི་ནང་ཕྲུ་གུ་ཚང་མ་ལ་དགེ་རྒན་མེད་པ་ཡིན་ན་ཕྲུ་གུའི་རིག་པའི་ཁྱད་ཆོས་མཐུན་མོང་མ་ཡིན་པའི་གསལ་རིག་གི་ཆ་རྣམས་ཡར་རྒྱས་གཏན་ནས་འགྲོ་མི་ཐུབ་པ་དང་སོ་སོར་སྔར་གནས་ཁྱད་ཆོས་ཀུན་རང་གནས་སུ་གནས་པ་ལས་དམིགས་བསལ་རིག་སྟོབས་མི་རྒྱས་པར་བྱུང་བ་ཡིན། བྱས་ཙང་ཕ་མས་སློབ་གྲྭར་བཏང་བ་ལྟར་ཤེས་བྱ་ཡོན་ཏན་ཞེས་པའི་མིའི་ནུས་སྟོབས་ཁྱད་པར་བ་དེ་བཀྲིན་ཅན་གྱི་དགེ་རྒན་རྣམ་པའི་རྒྱུད་ནས་རང་གིས་ཉན་བསམ་ཤེས་ན་ཡང་དག་པར་རྟོགས་པར་ངེས་པས་བཀྲིན་ཆེན་པོ་ཡིན་ནོ།



                        



བོད་མི་རིགས་ཀྱི་ལས་འགན་གཙོ་བོ།             

                                               བསྟན་འཛིན་པ་སངས། བཅུ་པ་བུམ་པ།

སྤྱིར་འཛམ་བུ་གླིང་སྣོད་ཀྱི་འཇིག་རྟེན་འདི་ནི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལུང་ཞིག་ཆགས་ཡོད། ང་ཚོ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་རང་ཡུལ་ཁ་བའི་བོད་ལྗོངས། དྭངས་གཙང་ཆུ་བོ་རྒྱུགས་སའི་གནས་དེ་གཡུག་ནས། ཐོག་མར་བཙན་བྱོལ་དུ་ ཕྱི་ལོ་༡༩༥༩ལོར་སླེབས་པའི་སྐབས་གནས་སྟངས་ཤིན་ཏུ་སྐྱོ་བོ་དང་སྡུག་བསྔལ་གྱི་བྲག་་ཆ་འཁྱིལ་བའི་དུས་ངན་ཞིག་ཏུ་གྱུར།

ཡིན་ནའང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོང་གི་ཐུགས་རྗེ་མཛད་འཕྲིན་འོག་ང་ཚོ་བོད་རིགས་རྣམས་ལ་བོད་པའི་སློབ་གྲྭ་ ཟུར་དུ་བཙུགས་ཡོད་པ་དང། བོད་པའི་ཆོས་དང་རིག་གཞུང་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཆེད་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་པ་དང། རིམས་བཞིན་བོད་ཀྱི་ཆོས་དང་འབྲེལ་བའི་དགོན་པ་དང་གཞི་ཆགས་སོགས་གནས་མཁོ་བཙུགས་པ་རེད།

འོན་ཀྱང་ཁ་སང་དེ་རིང་སྟ་བུའི་སྤྱི་ཚོགས་ཟང་ཟིང་ཅན་ནང་། གཞོན་སྐྱེས་ཕལ་ཆེ་བ་འཕྲལ་གྱི་མངོན་འདོད་ཙམ་ལས་ཕུགས་གྱི་དགེ་མཚན་ལ་བསམ་བློ་ཤེས་མཁན་ ཁ་ཤས་མ་གཏོགས་ཕལ་ཆེར་མངོན་པར་དཀའ་བའི་གནས་སུ་གྱུར། བོད་ཀྱི་སྐད་ཡིག་དང།  རིག་གཞུང་ཀུན་རྒྱབ་ཏུ་བསྐྱུར་ཏེ་དེང་སང་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡི་དབྱིན་ཡིག་སོགས་དང། ཁོང་ཚོའི་རིགས་གཞུང་རྣམས་ལ་མདུན་དུ་དོ་སྣང་དང་དོ་ཁུར་ཆེན་པོའི་ཁུར་བླངས་ཀྱི་ཡོད་པའི་གནས་སྟངས་ཤིག་ཏུ་འབབ་ཡོད།

སོང་ཙང་རྒྱལ་ཁབ་དང་།གྲོང་ཁྱེར་ཆེན་པོའི་ནང་དུ་གནས་པའི་བཙན་བྱོན་དུས་རབས་ཉེར་གཅིག་པའི་བོད་རིགས་སྤུན་ཟླ་རྒན་གཞོན་བར་གསུམ་ནས་བོད་མི་རིགས་ཀྱི་རིགས་གཞུང་རྣམས་གལ་འགངས་ཐོག་ནས་སྲུང་སྐྱོབ་བྱེད་རྒྱུ་དང། སེམས་ནང་བཞག་དགོས་པ་ལ་བོད་མི་རིགས་ཞིག་གི་བླ་སྲོག་ནི་བོད་པའི་སྐད་ཡིག་ཡིན་པས་ང་ཚོས་རང་གི་མཐུན་མོང་མ་ཡིན་པའི་སྐད་ཡིག་རྣམས་མ་ཤེས་ན་ཐབས་སྐྱོ་བ་ཞིག་གི་གནས་སུ་ལྷུང་གི་ཡོད། སོང་ཙང་བོད་ཀྱི་སྐད་ཡིག་དེ་དུས་རྒྱུན་དུ་འཚོ་བའི་ནང་དུ་རང་གི་ཕ་སྐད་བཤད་དགོས་པ་དང་འབྲི་དགོས་པ་སོགས་ནི་རང་གི་འཁྲི་པའི་ལས་འགན་ལྕི་མོ་ཡིན་པ་གདོན་མི་ཟ།

དེ་བཞིན་རང་མི་རིགས་ཀྱི་ཤ་དང་ཁྲག་ལས་གྲུབ་པའི་གཟུགས་ཕུང་རགས་པ་སྒྱུར་ཐབས་མེད་པ་ཞིག་ཏུ་གནས་སྟབས་མི་རིགས་ཀྱི་བླ་སྲོག་སྲུང་སྐྱོབ་བྱེད་རྒྱུ་ང་ཚོའི་ལས་འགན་ཞིག་ཡིན། ལྷག་པར་དུ་རྒྱལ་ཁབ་རང་ཉིད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན་བོད་ལྗོངས་དེ་ཆོས་དང་རིག་གཞུང་གི་རྒྱ་མཚོ་ལྟ་བུའི་རྒྱལ་ཁབ་ཕུན་སུམཚོགས་པ་ཞིག་དང།  རྒྱལ་ཁབ་གཞན་ལས་ཐ་དད་ཡིན་པས་དེ་དག་མི་ཉམས་དགོང་འཕེལ་དང་སྦྲགས་སྲུང་སྐྱོབ་ཡང་དག་པ་ཞིག་ཡོང་ཐབས་སུ་མིག་འབྲས་ལྟར་རབ་ཏུ་འཛིན་ནས་བླ་ན་མེད་པའི་དམ་པའི་ཆོས་ཀྱི་གཞུང་ལུགས་བཅས་ལ་དོ་སྣང་ལྷག་པར་དུ་བྱེད་དགོས་པ་དང། དེ་ཡང་ང་ཚོ་བོད་པའི་ཁ་རྒྱུན་ལ་ལྷག་བསམ་དཀར་པོ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་གསུངས་གནང་གི་ཡོད།

སོང་ཙང་ལྷག་བསམ་དང་ལྡན་པའི་ཡ་རབས་བཟང་སྤྱོད་ནི་བོད་མིའི་ཤ་ཁྲག་ནང་སུབ་ཐབས་གཏན་ནས་མེད་པའི་མཐུན་མིན་གཤིས་ལུགས་ཤིག་ཡིན་པ་དང་དེ་བཞིན་ཡ་རབས་བཟང་སྤྱོད་ནི་མིའི་འཚོ་བའི་ནང་དགོས་མཁོ་གལ་གནད་ཅན་ཞིག་་ཀྱང་ཆགས་ཡོད། བྱས་ཙང་ང་ཚོ་བོད་པའི་རིག་གཞུང་གི་སྙིང་པོ་ཡིན་པས་ཡ་རབས་ཟེར་པའི་ཚིག་དེ་རང་བློར་དྲན་པ། ཡང་ན་ཐོས་པ་ཙམ་གྱིས་སྤྱི་ཚོགས་ནང་དངོས་སུ་ལག་ལེན་བསྟར་ནས་མི་བཟང་པོ་ཞིག་བྱེད་རྒྱུའི་དམ་བཅའ་བཞག་སྟེ་མ་འོངས་པར་ང་རང་ཚོ་བོད་ཀྱི་སོན་རྩ་ཡང་དག་པ་ཞིག་དང་མིང་དོན་མཚུངས་པའི་གངས་ཅན་པའི་སོན་རྩ་ཁྱད་པར་བ་ཞིག་ཡོང་ཐབས་སུ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་དང་འབད་བརྩོན་ཧུར་ཐག་བྱ་དགོས་སྙམ་མོ།







ངའི་མ་འོངས་པའི་ཕུགས་བསམས།



སྔོན་མ་གང་བྱས་ད་ལྟའི་ལུས་ལ་ལྟོས།།

ཕྱི་མ་གང་བྱུང་ད་ལྟའི་སེམས་ལ་ལྟོས།།

ཟེར་བ་དེ་དངོས་སུ་བདེན་པ་རང་རེད། སྐྱེ་འགྲོ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ནི་སུའང་མེད། ཐམས་ཅད་གཞན་ལ་བརྟེན་ནས་བྱུང། དེ་ཡང་དངོས་སུ་བརྗོད་བཞིན་ཡོད་པ་ནི་ངའི་མ་འོངས་པའི་ཕུགས་བསམ་ཟེར་བ་ནི་ཧ་ཅང་བརྗོད་ཁག་པོ་རེད་དེ།  ཡིན་ནའང་ཁོང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ། ཚཻ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ཁོང་གིས་རེ་བ་བཟང་ས་ནས་རྒྱབ། གྲ་སྒྲིག་ངན་ས་ནས་བྱེད།  གསུངས་བ་ལྟར་གུས་མོས་ཀྱང་ངའི་ཕུགས་བསམ་གྱི་ལྟ་ཕྱོགས་ནི་རེ་བ་བཟང་ཕྱོགས་རང་ཡིན། དེ་ཡང་ཆུང་བྱིས་པའི་དུས་ནས་རང་ཉིད་ནང་པ་སངས་རྒྱས་པའི་ཆོས་དང་དེ་བཞིན་ཕྱག་དཔེ་སོགས་ཀློག་རྒྱུ་དགའ་བས་ཤེས་བྱ་གསར་པ་དང་གོ་རྟོགས་གཏིང་ཟབ་ངང་རྟོགས་ཞིབ་ནན་ཏན་བྱས་པས་གྲུབ་འབྲས་སུ་དུས་ད་ཆ་རང་ཉིད་ཀྱི་སེམས་ཁམས་རིག་པའི་གནས་ལ་དོ་སྣང་དང་གུས་མོས་ཡིད་དབང་འཕྲོག་སའི་གཞུང་ངེས

ཅན་ཞིག་ཡིན་པར་འདོོད།  དེ་ན་གུས་མོས་རྟག་ཏུ་ཁྱད་འཕགས་ཅན་གྱི་རིག་གནས་དེ་དག་འབད་དོ།







བོད་ཀྱི་སྐད་ཡིག་ལ་བདག་གཅེས།                          

ཚེ་རིང་ལྷ་མོ།                                                                                                         བཅུ་པ་གདུགས།།

མི་རིགས་དང་རྒྱལ་ཁབ་ཀྱི་རྣམ་དབྱེ་ཟུར་དུ་ཕྱེ་ཐུབ་པའི་ནུས་པ་གཙོ་ཆེ་ཤོས་ནི།  རང་སོ་སོའི་ལུང་པའི་སྐད་ཡིག་ལ་རག་ལས་ཡོད་པས། ཚང་མས་ཤེས་ཐབས་དང་དེ་མཚུངས་དོ་སྣང་བྱ་གལ་ཆེ། རང་ཅག་བོད་མི་རིགས་ཀྱི་འཆི་གསོན་དེའང་བོད་ཀྱི་སྐད་ཡིག་ཁོ་ན་ལ་ཐུགས་ཡོད་སྟབས་ཚང་མས་དུས་དང་རྣམ་པ་ཀུན་དུ་གཅེས་སྤྲས་དང་མཐོང་ཆེན་ངང་བདག་གཅེས་བྱ་དགོས་པ་ངོས་འཛིན་གཙང་མ་བྱེད་དགོས་པ་གལ་གནད་ཧ་ཅང་ཆེ། ང་རང་ཚོ་བོད་པ་ཞིག་ཡིན་ཅང་རང་ཉིད་ཀྱི་ངོས་ནས་བོད་སྐད་དང་བོད་ཡིག་ཡག་པོ་མ་ཤེས་པ་དང་བོད་ཀྱི་རིག་གཞུང་སྐོར་གང་ཡང་མ་ཤེས་ན་ཧ་ཅང་ཐབས་སྐྱོ་བོ་རེད། དེར་བརྟེན་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་ལ་བདག་སྐྱོང་བྱེད་དགོས་པ་ནི་ང་ཚོ་ཚང་མས་འགན་དུ་འཁྲི་ཡོད་པའི་ལས་འགན་ལྕི་མོ་ཞིག་ཡིན།

 གཞན་གྱི་སྐད་ཡིག་ལ་དགའ་བའི་ང་ཚོ་གཞོན་སྐྱེས་ཕལ་མོ་ཆེ་རང་སྐད་དང་གཞན་སྐད་་ལྷན་དུ་བསྲེས་ནས་རྒྱབ་དུས་རང་བཞིན་གྱིས་རང་སྐད་ཉམས་རྒུད་དུ་ཕྱིན་ཏེ་རང་སྐད་ཀྱི་གནས་སྟངས་ཇི་མ་ཇི་བཞིན་དུ་མི་གནས།  གནས་གང་དུ་འགྲོ་ཡང་མི་རིགས་ཤིག་གི་བླ་སྲོག་ནི་མི་རིགས་དེ་ཡི་སྐད་ཡིག་ཡིན་ལ། ང་ཚོས་ངེས་པར་དུ་དུས་རྒྱུན་འཚོ་བའི་འཕྲོད་དུ་གཟབ་ནན་བྱེད་ནས་སྐད་ཡིག་སྲེ་ལྷད་གཏན་ནས་་མེད་པར་བེད་སྤྱོད་ཡང་དག་པ་གཏང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན།

སྙིང་རུས་སྟར་བཀའ་དྲིན་ཅན་གྱི་དགེ་རྒན་་རྣམས་ཀྱིས་གསུངས་པ་ལྟར། ཕྲན་དང་འདྲ་པའི་ལོ་ན་ཆུང་བའི་གཞོན་སྐྱེས་ང་ཚོ་་ནི་ཕུགས་སུ་བོད་ལྗོངས་འཛུགས་བསྐྲུན་པ་ཞིག་ཡིན་པས་ཆ་ནས་ཤེས་ཡོན་དང་ལྷག་བསམ་ཟུང་ལྡན་ཐོག་ཧུར་ཐག་བྱ་དགོས་པ་དང། བྱ་བ་ཆེ་ཆུང་ཅི་འདྲ་ཡིན་ཡང་རྟག་ཏུ་རང་གི་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་གཏོང་རྒྱུ་གལ་གནད་ཆེ།









ངའི་སྒྲུང་དེབ་དགའ་ཤོས།

སའི་གོ་ལ་འདི་ནང་མི་འདྲ་མིན་སྣ་ཚོགས་ཡོད་པ་ཚང་མ་ལ་སོ་སོའི་སྒྲུང་དེབ་དགའ་ཤོས་རེ་ཡོད། མི་མང་པོ་ཡོད་པའི་ནང་ནས་ང་རང་ཡང་ཡིན། ང་རང་ལ་ཡང་སྒྲུང་དེབ་དགའ་ཤོས་ཀྱི་མི་ཞིག་ཡོད་པ་དེའི་སྒྲུང་དེབ་དེ་ནི་ཧ་ཅང་སྙན་པོ་ཡོད་པའི་ཐོག་ལ་མི་ཕལ་ཆེའི་སྒྲུང་དེབ་དེ་བསྐྱར་དུ་གཡར་དེ་ཀློག་ཀྱི་འདུག ངའི་ང་རང་སློབ་གྲྭའི་ནང་ལ་སྒྲུང་དེབ་ཧ་ཅང་མང་པོ་མཐོང་བ་མ་ཟད་དེ་ཚོ་བཀླགས་ནས་བལྟས་དུས་ང་རང་ལ་དེའི་ནང་ནས་སྒྲུང་དེབ་ཧ་ཅང་སྙན་པོ་ཞིག་རག་བྱུང་། སྒྲུང་དེབ་ནི་རང་བཙན་ཞེས་པ་དེ་ཡིན་དེ་ནི་བུ་མོ་ཞིག་གི་བརྩམས་པ་ཞིག་རེད། སྒྲུང་དེབ་དའེ་ནང་ང་ལ་ཚིག་གསར་ཧ་ཅང་མང་པོ་རགས་པ་མ་ཟད་དེའི་ནང་ནས་ཤེས་ཡོན་ཡང་མང་པོ་ཐོབ་བྱུང་། སྒྲུང་དེབ་དེ་བཀླགས་པའི་དགོས་དོན་དེ་ནི་ངའི་སྒྲུང་དེབ་དེའི་ཕྱི་ལ་ལྟ་བ་དང་སྙན་པོ་ཡོད་པ་ཚོར་སོང་བས་ངས་སྒྲུང་དེབ་དེ་བཀླགས་པ་ཡིན།

ང་རང་སྒྲུང་དེབ་དེ་དགའ་དགོས་པའི་རྒྱུ་མཚན་ནི་སྒྲུང་དེབ་དེའེ་ཕྱིའི་རི་མོ་དང་འགོ་བརྗོད་དེར་ལྟ་བ་དང་ང་རང་གི་སེམས་ནང་ཚོར་བ་ཡག་པོ་ཞིག་ཚོར་ཏེ་ངའི་སེམས་ནང་བོད་པའི་བོད་མི་རྣམས་བུ་མོ་དེ་ནི་བོད་ལ་གནས་སྐོར་དུ་བལ་ཡུལ་རི་བརྒྱུད་ནས་བསླེབས་པ་རེད། ཁོང་ལུང་པའི་ནང་ཡོད་པའི་སྐབས་མོས་ང་ཚོ་བོད་པའི་སྐོར་ལ་གནས་སྟངས་ཧ་ཅང་སྐྱོ་པོ་ཞིག་ཡོད་པ་ཤེས་ནས་ཁོ་མོའི་སེམས་ལ་ཧ་ཅང་ཚོར་བ་ཆེན་པོ་ཞིག་བྱུང་ནས་ཁོང་བོད་དུ་རྒྱ་མིས་བོད་མི་ཚོ་ལ་གང་འདྲ་བྱས་ནས་བརྙས་བཅོས་བཤད་ཡོད་པ་བལྟ་རུ་ཕེབས་པ་མ་ཟད་དེའི་གང་ལ་གོང་གི་བོད་པའི་ས་ཆ་དེ་ཧ་ཅང་སྙིང་རྗེ་མོ་ཡོད་པ་ཤེས་ཙང་བོད་དུ་སླེབས་པ་རེད། ཁོང་ཐོག་མ་བོད་ལ་སླེབས་དུས་གནམ་ཁང་དུ་བསྡད་པ་རེད། དེ་ནས་ཁོང་ང་ཚོའི་བོད་པའི་ས་གནས་སུ་ཕྱིན་ཏེ་བོད་པའི་གནས་སྟངས་རྣམས་གཟིགས་སྟབས་ཁོང་ཐོག་མ་བོད་ཀྱི་ས་གནས་ལྷ་ས་རུ་ཕྱིན་པ་དང་དེར་ཁོང་ལྷ་སའི་པོ་ཏ་ལ་ཐོག་མར་མཇལ་ནས་སེམས་ནང་དགའ་སྣང་སྐྱེས། དེ་ཡང་ཁོང་རང་གིས་བོད་པའི་རྒྱལ་རབས་ཕལ་ཆེ་བ་ཤེས་ཀྱི་ཡོད་ཙང་ཁོང་གི་སྒྲུང་དེབ་དེའི་ནང་ལ་བོད་པའི་དགོན་པ་དང་ལྷ་སའི་གཙུག་ལག་ཁང་བཞེངས་རྒྱུར་ལོ་མང་གོར་བ་རེད་ཞེས་བྲིས་འདུག ཁོང་བོད་ལ་འགྲོ་དུས་ཁོང་ལ་དཀའ་ངལ་མང་པོ་འཕྲད་པར་བརྟེན་མོ་རང་སེམས་ནང་དངོས་གནས་དཀའ་ངལ་ཆེན་པོ་ཡོད་པ་དེའི་ཐོག་ལ་རྒྱ་མི་རྣམས་ཀྱིས་ཀྱང་ཁོང་ལ་སྡུག་པོ་བཏང་ཡོད་ཙང་དཀའ་ངལ་ཆེན་པོ་བྱུང་། དེ་འདྲ་ཡིན་ཙང་ང་ཚོ་ཚང་མ་བོད་པ་ཞིག་ཡིན་པའི་ཆ་ནས་ང་ཚོ་བོད་པའི་སྒྲུང་དེབ་ལ་དགའ་པོ་བྱེད་དགོས་སྒྲུང་དེབ་དེའི་ནང་རྩོམ་པ་པོའི་སྒྲུང་དེ་ནི་ངའི་མི་ཚེ་ནང་ནམ་ཡང་བརྗེད་ཐབས་མེད། གང་ཡིན་ཟེར་ན་ཕྱིའི་རྒྱལ་ཁབ་ཀྱི་མི་ཞིག་གིས་བོད་པའི་གནས་སྟངས་ཇི་ཡོད་ཀྱི་ཆེད་དུ་དཔྱད་ཞིབ་ཏུ་ཕྱིན་ནས་རྒྱ་ཡུལ་ནང་དུ་ཡོད་པའི་རྒྱ་མའི་རྣམས་ཀྱི་སེམས་པ་ཧ་ཅང་གནག་པས་བུ་མོ་དེ་ལ་མཐོང་ཆུང་བཏང་ནས་བོད་པའི་མི་ཡིན་པ་ལྟར་གཉའ་གནོན་བཤད་པ། ཡིན་ན་ཡང་བུ་མོ་དེ་ནི་སེམས་པ་ཆུང་ལ་ཉམ་ཆུང་ཞིག་ཡིན་པ་ལ་བརྟེན་ནས་ཁོ་མོས་བཟོད་སྒོམ་བྱེད་ནས་བསྡད། ཁོང་གི་བྱེད་སྟངས་དེ་བོད་པ་ཞིག་ཡིན་པ་ལྟར་བྱས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཀྱང་བོད་ནང་ཡོད་པ་དེ་ཚོ་དང་ང་ཚོ་རང་བཙན་རྒྱལ་ཁབ་དུ་གནས་པའི་བོད་རིགས་རྣམས་རང་དབང་འཐོབ་རྒྱུའི་ཆེད་དུ་སློབ་སྦྱོང་ཡག་པོ་བྱེད་ནས་མ་འོངས་པའི་བོད་པའི་སོན་རྩ་་བྱེད་པའི་བསམ་བློ་ཆེན་པོ་གཏང་དགོས། གལ་སྲིད་ང་ཚོ་སྒྲུང་དེབ་ལ་དགའ་པོ་བྱེད་ན་ང་ཚོ་ལ་སློབ་སྦྱོང་མང་པོ་ཐོབས་ཀྱི་རེད། དེ་མ་ཟད་སྒྲུང་དེབ་མང་པོ་བཀླག་ན་ང་ཚོ་སྒྲུང་དེབ་དང་མཉམ་དུ་དགའ་པོ་ཆགས་ཀྱི་རེད། བྱས་ཙང་སྒྲུང་དེབ་ལ་དགའ་པོ་ཆགས་ན་མ་འོངས་པར་སློབ་མ་རྣམས་རྣམ་དཔྱོད་ལྡན་པའི་མི་མཁས་པ་ཞིག་ཆགས་པར་ངེས་པས་ང་སྒྲུང་དེབ་ལ་དགའ།



ཆུང་དུས་ཀྱི་ཡིད་གཅུགས་ལགས།

       ཆུ་མེད་ནག་བཟང་། བཅུ་པ་བུམ་པ།

ཆུང་དུས་ཀྱི་མི་ཚེ་འདི་ནི་གུས་མོའི་སེམས་ནང་ལྷང་ལྷང་དུ་ཉིན་ལྟར་དྲན་པའི་བརྗེད་དཀའ་བའི་མི་ཚེ་ཞིག་ཡིན། དེ་ཡང་གུས་མོ་རང་ལ་མཚོན་ན་ཆུང་དུས་ཕ་མའི་བྱམས་སྐྱོང་འོག་ལ་རྟེན་ནས་རང་ཉིད་ལ་མཛའ་ཤེས་ཅན་གྱི་སྒེག་མོ་ཤེས་ཡོན་ལ་དོ་སྣང་ཡོད་པ་ཞིག་དང་འཕྲད་བྱུང་། མོ་རང་ལ་མཚོན་ན་དུས་རྟག་ཏུ་སྒྲུང་དེབ་བཀླག་རྒྱུ་དགའ་ལ་དེ་བཞིན་རང་གི་ཕ་མ་གཉིས་ལ་ཞབས་ཞུས་བྱེད་རྒྱུ་ཤིན་དུ་ནས་མཉེས་པོ་ཡོད་པའི་བྱིས་པའི་དུས་ཀྱི་མི་ཚེ་ཧྲིལ་པོ་འདི་མོ་རང་དང་ལྷན་དུ་བཤིབས་པ་ཡིན་ལ་ཉིན་མོ་དེ་རྣམས་ནི་གུས་ཀྱི་སེམས་ནང་བརྟན་དུ་ནས་གནས་ཡོད། མོ་ཡི་གཤིས་སྤྱོད་དང་འབྲེལ་ན་སེམས་ནི་བཟང་བཞིན་ལྷན་དུ་གཞན་རོགས་རམ་རོགས་པ་བྱེད་རྒྱུ་དགའ་བར་མ་ཟད་ལས་དང་འབྲས་བུ་ལ་བརྟེན་ནས་ཕྱི་གཟུགས་ཡང་དཀོན་མཆོག་གིས་ཡང་དག་ཞིག་གནང་ཡོད་པས་སྤྲིན་སྒེག་དང་འདྲ་ཡོད། ང་གཉིས་ཀྱི་མཉམ་ཟ་མཉམ་འཐུང་བྱས་པའི་དུས་ཡུན་འདི་བསྐྱར་དུ་ཡོང་བའི་རེ་སྨོན་ཉིན་ལྟར་བརྒྱབ་པས་ཆུང་གྲོགས་དང་ལྷན་དུ་མཛའ་བར་གོ་སྐབས་ཞིག་ཐོབ་བྱུང་སྟབས་བསམ་བརྗོད་ལས་འདས་པའི་དགའ་བའི་ཚོར་ཤུགས་དམིགས་བསལ་བ་ཞིག་ཐོབ་བྱུང་བས་དགའ་སྤོབས་སུ་གྱུར།  མོ་རང་ལ་མཚོན་ན་ད་ལྟ་འཛིན་རིམ་བཅུ་གཅིག་ལ་སློབ་སྦྱོང་སྦྱོང་བཞིན་པའི་སློབ་མ་ཞིག་ལ་སློབ་ཕྲུག་ཚད་དང་ལྡན་པ་ཞིག་ཡིན། སྤྱིར་བཏང་སློབ་སྦྱོང་ཙམ་མ་ཡིན་པར་རོལ་ཆ་དང་དེ་བཞིན་རྩེད་མོ་སོགས་ལ་ཡང་དོ་སྣང་ཆེན་པོ་ཡོད་པའི་གུས་ཀྱི་ཡིད་གཅུགས་ནི་མདོག་བཟང་ལ་བྱམས་སེམས་ཅན་གྱི་གཞན་ཕན་རླབས་ཆེན་ཐོགས་ཐོབ་མཁན་གྱི་མི་སྣ་གལ་གནད་ཅན་ཞིག་ཡིན།   གུས་མོ་ང་རང་ཚེ་སྔོན་ལས་དབང་བཟང་པོའི་གྲོགས་བཟང་ཞིག་ལ་བརྟེན་འགྲོགས་བྱས་སྟབས་བདག་ལ་ཡང་བསླབ་བྱ་བཟང་པོ་དང་ཁེ་ཕན་མང་པོ་རགས་པར་བརྟེན་དེང་དུས་གུས་མོ་ང་རང་བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ལ་ནམ་ཡང་མ་ལུས་པར་སློབ་མ་མིང་དོན་མཚུངས་པ་ཞིག་ཏུ་གྱུར་བར་བརྟེན་མི་སྣ་སུ་འདྲ་ཞིག་ཡིན་རུང་མི་ཚེའི་ནང་གྲོགས་པོ་གདམས་པའི་སྐབས་གཟབ་གཟབ་གནང་དགོས་ལ་འདི་ནི་ཧ་ཅང་གི་གལ་གནད་དང་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་ཐུབ་པ་དགོས་པས་ཚང་མས་བློ་འཇགས་འཚལ།



རང་ཉིད་རང་གི་མགོན་ཡིན།
            སློབ་མ་འབྲུག་ལྷ་ཚེ་རིང།
            འཛིན་གྲྭ་བཅུ་པ་གདུགས
ལས་སུ་བཀོད་པའི་བྱ་བ་ཅི་ཞིག་རུང།། དགེ་སྡིག་གཉིས་ཀྱི་ལས་སུ་ཁྱད་པར་འབྱེད།།
རང་ཉིད་རང་གི་མགོན་ཡིན་གསུངས་པ་འདི།། འཇིག་རྟེན་ཆོས་བརྒྱད་བརྩོན་པར་རབ་ཏུ་མཆོག །

ཅེས་བསྟོད་ཚིག་གི་མེ་ཏོག་གཏོར་བར་འོས་པའི་དུས་བཟང་གི་མཆོད་པའི་ཁ་བཏགས་ཀྱི་
རྒྱན་ཆ་གཉིས་ལས་མ་འདས།འཁོར་བ་འཇིག་རྟེན་འདིའི་ནང་དུ་བྱ་བ་ཅི་འདྲ་ཞིག་རུང་མི་རྟག་
འཆི་མེད་རླུང་འཕྲིན་དང་སྡུག་བསྔལ་གྱིས་མནར་བའི་རྐང་ལམ་ཕྲ་མོ་བརྒྱུད་དགོས་པ་ངོ་མ་
ཡིད་རེ་སྐྱོ།འོན་ཀྱང།བདག་གི་རྒྱུ་ནོར་ཐམས་ཅད་མི་རྟག་པ་དང་གྱོན་གོས་ཐམས་ཅད་ཟད་
འགྲོ་བ་ནི་འཇིག་རྟེན་ཆོས་ཉིད་ཡིན་ནོ། གང་ལྟར།དུས་ཚོད་ཀྱི་ཚག་སྒྲའི་འཕོ་འགྱུར་འོག་
རང་ཉིད་ཀྱིས་ཅི་ཞིག་བླང་དགོས་པ་དང་ཅི་ཞིག་བླངས་མི་འོས་པ།གང་ཞིག་དོར་བ་རུང་བ་
དང་གང་ཞིག་སྲུང་དགོས་པའི་ཐག་གཅོད་བྱེད་ཐུབ་པ་ནི་རང་གི་སྐྱབས་མགོན་ཡིན་ནོ།ངོ་
མ་བཤད་ན་རང་ཉིད་བླུན་རྟགས་དང་ལྐུགས་རྟགས་བྱ་བ་ཐབས་སྡུག་ཅིག་བྱེད་པ་ལས་ཤི་ན་དགའ། མི་ཚེ་གཅིག་
གི་ནང་དུ་རང་ཉིད་ཀྱིས་སྒྲུབ་བཞིན་པའི་བྱ་བ་སྤྱིའི་ཡོངས་དང། སྦྱོང་བཞིན་པའི་རིག་གནས་བཅུ་ཕྲག་ལ་རྟག་ཏུ་
ཆུ་བོའི་རྒྱུན་ལྷར་འབད་བརྩོན་ལྷོད་མེད་གནང་དགོས་སོ། གལ་ཏེ་རང་ཉིད་ཀྱིས་རང་ལ་གཅེས་འཛིན་དང་བཟོད་
པ། སེམས་ཤུགས་ལྡན་པ། ཆེས་མཐོང་སོགས་མ་བྱས་པ་ཡིན་ན། སུ་ཞིག་གིས་ཁྱེད་རང་ལ་བསྟོད་བསྔགས་ཀྱི་
དབྱངས་རྟ་སྙན་མོ་དང་རོགས་རམ་བྱེད་ཐུབ་བམ།
༡༽ རང་ཉིད་གལ་ཆེན་འཛིན་པའི་འདུ་ཤེས།
ཡུལ་གྱར་བ་རི་ལུང་ནགས་གསུམ་གྱི་འཕྲང་ལམ་དེ་བརྒལ་ཞིང།རྐང་ལམ་ཕྲ་མོ་དེ་བརྒྱུད་ནས་དུས་ཚིགས་ཀྱི་
འགྱུར་ཞུགས་རེ་རེའི་ཁྲོད་དཀའ་སྡུག་གི་བྲོ་བ་མངར་སྐྱུར་འདྲེས་མའི་འཚོ་བ་དེ་ཇི་འདྲའི་འཁྱོལ་དཀའ་བ་སུ་ཞིག་
གིས་ཀྱང་ཚོར་དཀའ།དུས་ཚིགས་ཀྱི་དབྱངས་རྟ་སྙན་མོ་དེ་སྐྱུར་མོ་ཞིག་གྱུར་ཅིང་འཚོ་འདོད་བའི་རང་དབང་དང་
བདེ་སྐྱིད་ནི་མཐོང་ཐོས་མྱོང་གསུམ་གྱི་དྲི་མ་ལས་བྱུང་བ་ནི་རང་ཉིད་ཀྱི་ལས་དབང་རེད།འོན་ཀྱང།སྲོག་ཆགས་
དུད་འགྲོ་ལའང་ཡོད་པ་ནི་གཅིག་མཚུངས་ནི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན། སྲོག་
ཆགས་གྲོག་མ་ཞིག་ཡིན་ནའང་རང་ཉིད་ཀྱི་ལས་དོན་ཐོག་ཏུ་དུས་དང་རྣམ་པ་ ཀུན་ཏུ་ཧུར་བརྩོན་གྱི་ལམ་ཁ་
པྱོགས་སུ་ཆས་ཐུབ་པ་ནི་ངོ་མ་ངོ་མཚར་ཆེ། མཁས་དབང་གུང་ཐང་བསྟན་པའི་སྒྲོན་མེས”སྲོག་ཆགས་གྲོག་མ་
མིག་མེད་ཀྱང། མིག་ལྡན་གཞན་ལས་ལྷག་པར་མགྱོགས།” ཞེས་གསུངས་པ་ལྟར།མི་ཞིག་ཡིན་ན་དེ་བས་ཀྱང་
དགོས་མཁོ་ཆེ་བའི་འཇིག་རྟེན་པའི་ཆོས་དང་མི་རྟག་པའི་དངོས་ཆས་བགྲང་ལས་འདས་བ་ཞིག་དགོས་ངེས་སོ།མི་
ཚེ་དོན་དང་ལྡན་པའི་བེད་སྐྱིད་ཀྱི་རྨི་ལམ་གསར་བ་་རོལ་་དང་རོལ་མི་ཐུབ་པའི་རྒྱུ་དང་རྐྱེན་གཙོ་བོ་ནི་འབྱུང་
ཁུངས་རང་ཉིད་ལས་གཞན་སུ་ཡང་འཚོལ་དཀའ། མཁས་པ་དང་བླུན་པོ།ཡ་རབས་དང་མ་རབས། བཟང་པོ་དང་
ངན་པ། དགེ་བ་དང་སྡུག་བསྔལ། སོགས་ནི་རང་ ་ཉིད་གལ་ཆེན་འཛིན་པའི་འདུ་ཤེས་དང་བསམ་བློ་ཀུན་སྤྱོད་ཀྱི་
ཚེ་སྔོན་གྱི་ལས་དབང་རེད། ནང་པ་སངས་རྒྱས་པའི་ཆོས་ ་”སྔོན་མ་གང་བྱེད་ད་ལྟའི་ལུས་ལ་ལྟོས། ཕྱི་མ་གང་
འགྲོ་ད་ལྟའི་སེམས་ལ་ལྟོས།” གསུང་པ་ལྟར་དུས་རྒྱུན་དུ་ཡ་རབས་བརྟགས་པ་ལ་རང་ཉིད་ཀྱི་ཧུར་བཙོན་ གནང་
དགོས་སོ།
༢༽ རང་ཉིད་ཀྱི་ཡ་རབས་ལས་ལ་བརྩོན་པའི་འོས་འགན། དུས་རབས་ཉེར་གཅིག་པའི་ནང་རང་གཞན་སྐྱེ་འགྲོ་
ཀུན་གྱི་བེད་སྡུག་ཚོར་ཤེས། ༸གོང་ས་མཆོག་གིས།ཕན་མ་ཐོགས་ནའང་གནོད་མ་སྐྱེལ།གསུངས་པ་ལྟར་རང་
གིས་སྒོ་གསུམ་བསམ་བློའི་ནངདུ་བཅངས་དགོས།ཡུལ་དང་སྤྱི་ཚོགས་ཀྱི་གནས་འབབ་དང་མཐུན་པའི་ཁྲིམས་
ལུགས་དང་ལུགས་སྲོལ་ལ་གུས་ཞབས་ཡང་ཡང་ཞུས་དགོས་པ་དང། མི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་
བཅིངས་ངེས་སོ། རང་རྒྱུད་ལ་བྱམས་སྙིང་བཟང་གསུམ་གྱི་ཡོན་ཏན་བཟང་པོའི་བག་ཆགས་ཤིག་བསྐྲུན་དགོས།
ང་ཚོའི་ངག་རྒྱུན་དུ།” སེམས་པ་བཟང་ན་ས་དང་ལམ་ཡང་བཟང། སེམས་པ་ངན་ན་ས་དང་ལམ་ཡང་ངན།”
གསུངས་པ་ངོ་མ་ཅི་མ་བདེན། གལ་ཏེ། རང་ཉིད་ཀྱི་སྒོ་གསུམ་གྱི་བྱ་སྤྱོད་ལའང་སྐྱོན་གྱི་དྲི་མ་མེད་པ་ན་བུང་བ་
ཚོགས་བཞིན་འཁོར་བ་ལྟར་མི་གཞན་ལ་སྐྱོན་བརྗོད་བཤད་པ་ཡིན་ནའང་མི་གཞན་གྱིས་ཆེས་མཐོང་དང་གུས་
ཞབས་གནས། བོད་ཀྱི་གཏམ་དཔེ་ནང་དུ།“ རང་ལ་བལྟ་བའི་མིག་ཡོད་ཀྱང། གཞན་ལ་བལྟ་བའི་མེ་ལོང་དགོས།”
ཞེས་བཀོད་པ་ཡིན་ནོ། ཤེས་རབ་དང་རྣམ་དཔྱོད་ཕུན་སུམ་ཚོགས་པའི་བསམ་བློ་ཀུན་སྤྱོད་ལའང་འགྱུར་བའི་
ལོང་ལོང་བྱེད་མི་རུང།




སྐྱབས་བཅོལ་བ་ཞིག་གི་སེམས་ཚོར།
            སློབ་མ་སྤེན་པ་རྡོ་རྗེ།
            འཛིན་གྲྭ དགུ་པ་གདུགས
ཐོག་མར་བཙན་བྱོལ་དུ་ཕྱི་ལོ་༡༩༥༩ ལོར་ཡུལ་གྱར་བྱས་ནས་སླེབས་པ་དང། དེའི་
སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་མཆོག་དང། ཁོང་གི་སྐུ་འཁོར་
རྣམས་ཀྱི་སེམས་སུ་རྒྱ་གར་བ་ནི་ཤིན་ཏུ་བཀྲིན་ཆེ་བ་ཞིག་དང། རྗེས་སུ་ཡིད་རངས་ཞུ་
དགོས་པ་ཞིག་ཆགས། དེ་དུས་རྒྱལ་དབང་ཁོང་གི་ཐུགས་དགོངས་སུ་མ་འོངས་བོད་ཅེས་
པའི་རྒྱལ་ཁབ་ལ་ཡང་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་ཡར་ཐོན་ཅན་
གྱི་རྒྱལ་ཁབ་ཅིག་བསྐྲུན་པའི་ཆེད་ཁོང་གིས་རྒྱ་གར་གྱི་སྲིད་ བློན་ནེའུ་རུ་མཆོག་ལ་
གསུངས་དོན་ལ་བོད་པའི་རང་གི་ཆེད་དུ་སློབ་གྲྭ་ཟུར་འཛུགས་བྱ་དགོས་པ་དང། དེ་ཡང་
བོད་པའི་སློབ་ གྲྭ་ནི་ཟུར་འཛུགས་པ་ཡིན་ན་འཐུས་ཤོར་མེད་པར། བོད་པའི་ཆོས་དང་
རིག་གཞུང་དེ་ཉམས་པ་བྱུང་ཚེ་བོད་ཀྱི་རྒྱལ་ཁབ་འདི་ གནས་སྟངས་ཛ་དྲགས་ཆགས་ཡིན་ཡིན་ལ་གཟིགས།
དུས་སྐབས་དེ་ནས་བཟུང་རང་གཞུང་བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་ཉམས་གོང་འཕེལ་དང། ཉམས་སླར་
གསོའི་ཆེད་ དུ་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་པ་དང། རིམ་བཞིན་བོད་ཀྱི་ཆོས་དང་འབྲེལ་བའི་དགོན་པ་
དང། གཞིས་ཆགས་ སོགས་གནས་འགོ་བཙུགས་པར། དེ་ཡང་བོད་པའི་གཞིས་ཆགས་ཁག་
ཀྱང་ལོགས་སུ་གཞིས་ཆགས་ནས་སྡོད་པ་དང། བོད་པའི་རང་གི་སྤྱི་ཚོགས་ཀྱང་ལོགས་སུ་ཡོད། ལོ་མང་སོང་
རྗེས་བོད་པའི་སྤྱི་ཚོགས་སམ་གཞིས་ཆགས་སོགས་ལ་རང་ གཞུང་དབུས་བོད་མིའི་སྒྲིག་འཛུགས་འོག་གི་སྒྲིག་
འཛུགས་ལ་གཞིས་བཞག་སྟེ། བོད་པའི་གཞིས་ཆགས་ལ་ལྟ་སྐྱོང་དང་མཐུན་ རྐྱེན་ཇི་ལེགས་སུ་བཏང་ནས་བོད་
མིའི་སྐྱིད་སྡུག་འདི་མགོ་འཛུགས་པ་བྱུང། བོད་པའི་ཆོས་དང་རིག་གཞུང་སོགས་གང་ཅི་ཐད་ ནས་སྦྱོང་རྒྱུ།
གསན་དང་སྐྱབས་བཅོལ་བའི་བོད་མི་ཚོ་རང་གི་ཕ་ཡུལ་བཞག་སྟེ་མི་ཡུལ་ལུང་པར་ཡུལ་འགྱར་བྱུང་བ་དེ་ ༸རྒྱལ་
དབང་མཆོག་གི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་ད་ལྟ་རང་ཉིད་ཀྱི་གནས་སྟངས་གང་ཡིན་ལ་ཆགས་པར། དེས་
གཙོ་བོ་ཡིད་བཞིན་ནོར་བུའི་བཀྲིན་ཡིན་པ་སེམས་སུ་ཚོར་དགོས་པ་ཞིག་དང་ལྷག་པར་དུ་ཁོང་གི་སྐུ་ཚེ་བརྟན་པའི་
ཆེད་ སྨོན་ལམ་འདེབས་དགོས་པ་རེད། བཙན་བྱོལ་བ་ཚོ་ང་ཚོ་བསོད་ནམས་ཆེ་བ་མ་ཡིན་ནམ། གང་ཡིན་ཞེ་ན།
བཙན་བྱོལ་དེ་འདྲའི་རང་དབང་ཡོད་པའི་རྒྱལ་ཁབ་ནང་བོད་པའི་རང་ཉིེད་ཀྱི་ཆོས་དང་རིག་གཞུང་ནི་དེ་མིག་ལམ་
ཡུན་དུ་ཟས་ བཞིན། ང་ཚོ་བོད་མི་རྣམས་ཀྱི་དེ་ལག་ལེན་ལ་འཁེལ་བ་བྱེད་དགོས་པ་ཞིག་དང། འོན་ཀྱང་གངས་
ལྗོངས་ནས་བཞུགས་པའི་ གཞིས་ལུས་བོད་རིགས་སྤུན་ཟླ་ཚོ་ལ་གཟིགས་དང། ཁོང་ཚོ་རྒྱ་དམར་པོའི་དབང་
ཤུགས་འོག་རང་རེ་ཁ་བ་རིས་པའི་ཆོས་དང་ རིག་གཞུང་ཐ་ན་སྐུ་དང་ཐང་ག་ལ་སོགས་པའི་མཆོད་པའི་ཡོ་བྱད་ཡང་
ཉར་མི་ཆོག་པའི་ཛ་དྲགས་དང་གཉན་ཕྲང་དུས་ཤིག་ལ་བཟོས། ཁོང་ཚོ་རང་གི་རྩ་བའི་བླ་མ་མཇལ་འདོད་ཡོད་ཀྱང་
མཇལ་རྒྱུ་མེད་པ་དང། སྐུ་དཔར་ཞིག་ཀྱང་ཉར་ན་ཉར་མི་ཆོག་པའི་རྒྱ་མིའི་དབང་ཤུགས་ཇི་ཆེར་ཕྱི། སྐྱེད་མ།
བོད་ནང་བཞུགས་པའི་བོད་མི་ཚོར་གཟིགས་དང། ང་ཚོ་བཙན་བྱོལ་བོད་མི་ རྣམས་ཀྱི་ཉིན་རེའི་ལས་ཀ་དང་སློབ་
ཕྲུག་ཅིག་ཡིན་ཡང་སློབ་སྦྱོང་ཡག་པོ་སྦྱང་རྒྱུའི་གནས་སྟངས་འོག་སླེབས་ཡོད་ཅིང། ང་ཚོ་ངེས་པར་དུ་བཙན་བྱོལ་
བ་ཞིག་ཡིན་པ་སེམས་ལ་བཞག་སྟེ་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་རྩེ་གཅིག་ཏུ་བྱེད་རྒྱུ་ དང། རོལ་
དབྱངས་གང་གཏོང་ཡང་བཏང་ཆོག་ཆོག་ཅིག་བཟོས་བར་དགོས།
༢༽ ༸རྒྱལ་དབང་མཆོག་མཇལ་འཕྲད་དང་ དངོས་སུ་མཐོང་རྒྱུ་བྱུང་བ། ཨེ་མ། གངས་ཅན་པའི་བོད་པ་ཚོ།
ཁྱེད་ཚོའི་སྡུག་བསྔལ་བྱུང་བར་ང་ཚོ་སེམས་ལ་ཚོར་ཁྱེད་ ཚོར་རྩ་བའི་བླ་མ་མཇལ་འདོད་ཡོད་པར་ང་ཚོའི་ཤེས།
ཁྱེད་ཚོའི་ས་བོད་ནང་གནས་སྟངས་ཛ་དྲགས་ཡིན་པར་ང་ཚོས་ཤེས། དེར་བརྟེན། དལ་འབྱོར་གྱི་བོད་མི་ཚོ་རང་
གི་རྩ་བའི་བླ་མ་སྐུ་དངོས་སུ་མཇལ་འདོད་བྱུང་པར་ཁོང་གིས་གསུངས་པའི་བཀའ་ ཆོས་རྣམས་རྟག་ཏུ་ལག་ལེན་
ལ་འཁྱེར་ནས་རྒྱུན་མཁོའི་ནང་ལོངས་སུ་སྤྱོད་པ་ཞིག་དགོས། གུས་ལ་གཟིགས་དང། གུས་པ་འཛིན་རིམ་དགུ་
པའི་སློབ་མ་ཞིག་གི་སེམས་ལ་ཡང་༸རྒྱལ་དབང་མཆོག་གི་མི་ཡག་པོ་བྱེད། ཕན་མ་ཐོགས་ཀྱང་གནོད་མ་བསྐྱལ་
ཅེས་པ་འདི་བསུབ་ཐབས་མེད་པ་བཞིན་དུ་གུས་པའི་སེམས་ལ་ཡང་ཡང་ཤར། གུས་པ་སློབ་ཕྲུག་ཅིག་ཡིན་ཆ་ནས་
ལས་དོན་རྒྱ་ཆེར་སྤེལ་མ་ཐུབ་ཀྱང་། ཉིན་རེའི་སློབ་སྦྱོང་དེ་འཐུས་ཤོར་མེད་པའི་ཐོག་ཏག་ཏག་བྱས། དེར་བརྟེན་
བཙན་བྱོལ་བ་ཚོ། ང་ཚོ་ཕ་གཡུག་ནས་མི་ཡུལ་དུ་གྱར་ནས་ཁོང་གི་བཞིན་རས་མཇལ་རྒྱུ་ཡོད་པ་དང་ཁོང་གིས་
མ་འོངས་པའི་སོན་རྩ་ ཚོའི་ཆེད་དུ་སློབ་གྲྭ་འཛུགས་སྐྲུན་བྱས་པ་དེ་ནམ་ཡང་བརྗེད་མི་སྲིད་ལ་ཡང་ཡང་དྲན་དགོས་
པ་ཞིག་ཆགས།
༣༽ ང་ཚོ་ བཙན་བྱོལ་བ་ཚོ་སེམས་ནང་མེ་འབར། ཁྱེད་ཚོ་རང་ཉིད་ལུས་ལ་མཆོད་མེ་ཕུལ་བར། མཇུག་སྡུད།
ལྷན་རྒྱས་ཚོ་གཟིགས་ དང། བོད་པའི་གནས་སྟངས་ནི་ཧ་ལས་པ་ཞིག་དང། གཞིས་ལུས་བོད་མི་ཚོར་གཟིགས་
དང། སྐྱོ་ལྷང་ལྷང་གི་གནས་སྟངས་འོག ཛ་དྲག་གི་གནས་སྲོག་འོག ང་ཚོ་བདེ་བ་གསལ་བར་བྱེད་དགོས། ང་
ཚོ་ཁྱེད་ཚོའི་ བཀྲིན་མ་བརྗེད། ཁྱེད་ཚོ་ང་ཚོའི་ཡུན་དུ་ཡོད། ཁྱེད་ཚོ་སེམས་ལ་བཅང། ཞེས་མཐའ་འཇུག་བསྡུས་
པ་ཡིན་ནོ།



སྐྱབས་བཅོལ་བ་ཞིག་གི་སེམས་ཚོར།
            བསྟན་འཛིན་རྣམ་སྲས།
            དགུ་པ་གདུགས།
སྤྱིར་ཕྱི་ལོ༡༩༥༩ལོར་རང་ཡུལ་ཀ་བའི་ལྗོངས་དྭངས་གཙང་ཆུ་བོ་རྒྱུགས་སའི་གཞུང་དུ་ཁྲག་དམར་དང་ངུ་སྐད་
ཀྱི་བྲག་ཆ་འཁྱིལ་བའི་དུས་ངན་ཞིག་ཏུ་འགྱུར། འོན་ཀྱང་ལོ་ངན་དེ་ནི་ལོ་གཅིག་དམྱལ་བའི་སྡུག་བསྔལ་ཞིག་
ཡིན། དེ་ནི་ད་ལྟ་བར་ང་ཚོ་བོད་མི་ཀུན་གྱི་སེམས་ན་གསོ་མི་ཐུབ་ པའི་རྨ་ཁ་ཆེན་པོ་ཞིག་ཏུ་འགྱུར་ཡོད། རྒྱ་
དམར་ཀླ་ཀློའི་དཔུང་གིདམག་ཤུགས་ཆ་ངན་གྱི་སྤྲད་དེ་རིག་གནས་གསར་བརྗེའི་བྱུས་ངན་དང། མདོར་ན་བྱུས་
ངན་སྐོར་ཚོགས་ཀྱི་གྲངས་ལས་འདས་པ་བྱུང། ཆོས་སེམས་ཆེ་བའི་རྩམ་གཟན་རྣམ་པས་འགས་དཔའ་དང་
ཁ་ཤས་ངོ་རྒོལ་བྱས་ ནས་མི་ལོ་ལྔ་བདུན་འཁོར་ལ་ཉེ། ད་ལྟ་མཚོན་ནའང་ང་ཚོ་བོད་མི་མང་དག་ཅིག་རྒྱ་གར་
ནང་གནས་ཚང་གཡར་ནས་བསྡད་ཡོད། ཡུལ་འདི་ངའི་ཕ་ཡུལ་མིན་ལ། ཟས་འདི་ངའི་ཟས་མིན། ད་དུང་
ཆས་འདི་ངའི་ཆས་མིན། མདོར་ན་ང་ཅི་ཞིག་ཡིན། ང་བོད་པ་ཡིན་ལ་ང་ སྐྱབས་བཅོལ་བ་ཞིག་ཡིན། ཡུན་
རིང་བོར་སོང་བའི་རང་ཡུལ་འཚོལ་བཞིན་ལུས་པའི་སྐྱབས་བཅོལ་བ་ད་ཕྲུག་དག་མ་ཞིག་ལས་གང་ཡང་མིན།
བྱིས་པ་ཞིག་སྐྱབས་བཅོལ་བ་ཨེ་ཡིན། སྐར་ཚོགས་དབྱིངས་སུ་ལྷན་འཛོམས་བྱུང་བའི་དགོང་མོ་དེར་སྤང་
ལྗོངས་ཀྱི་གདན་ཐོག་ངུ་སྒྲའི་ཁྲོད་ནས་ནས་ང་སྐྱེས། འོན་ཀྱང་བུ་ང་ནི་རང་ཡུལ་ཁ་བའི་ལྗོངས་སུ་མི་སྐྱེས་པའི་ལས་ངན་ཞིག་བསགས་
པས་གཞན་ཡུལ་གྱི་གནས་ཚང་ཞིག་ནང་ལུས། ངའི་རྒྱལ་ཁབ་གཞན་ལག་ཏུ་ཤོར་བ ་ངའི་ནོར་རམ། ངའི་རང་རྒྱལ་གཞན་དུ་ཤོར་བའི་
ལས་ངན་ཅི་ཞིག་བསགས་ཡོད་དམ། བྱིས་པ་ཞིག་གི་ལག་ནས་རྩེད་ཆས་ཤོར་བ་བཞིན་དུ། བྱིས་པ་ངའི་ལག་ནས་རང་གི་རྒྱལ་ཁབ་
ཤོར་བ་རེད་དམ། ད་དུང་ང་བྱིས་པ་ཡིན་པའི་དུས་ནས་རང་གི་ཕ་མེས་ཀྱི་བརྒྱུད་པ་ཨ་མདོ་མགོ་ལོག་གི་སྐད་སྨྲ་མི་ཤེས་པའི་ཨ་མདོའི་རི་
སྒང་ན་འཚོ་མཁན་གྱི་ འབྲོག་ཕྲུག་ཞིག་ཡིན། འཚམས་རེར་རང་སྐད་དག་མ་ཞིག་མི་ཤེས་པའི་འགྱོད་འདི་དམར་ཆུང་སྙིང་ཁོངས་ཀྱི་ཁྲག་
རྣམས་དགག་འགྲོ་བའི་གདུང་ བ་ངན་པ་ཞིག་ཀྱང་སྦྱིན། ད་དུང་དེ་ལས་རྒྱ་ཆེ་སར་ངས་རང་ཡུལ་གྱི་བཀོད་པ་ངའི་མཐོང་མི་མྱོང་ལ། རི་
བོ་རྩ་ཆེན་དང་རི་བོ་གྲུ་འཛིན་སོགས་ ཀྱི་བྱིན་རླབས་ཅན་གྱི་གནས་བསྐོར་དག་མཇལ་རྒྱུ་མ་བྱུང་བ་འདིར། བྱིས་པ་ངའི་ནོར་འཁྲུལ་ཡོད་
ན་བསམ་པའི་ཐེ་ཚོམ་གྱི་དུས་ཚོད་ཡོད་ཚད་ཟད།
རྒྱལ་ཁབ་མེད་པའི་ཕམ་ཁ། ད་དུང་ཡང་བུ་ང་ལངས་ཚོར་གྱུར་ཀྱང་སྤྱི་ཚོགས་ཁྲོད་ན་རྒྱལ་ཁབ་མེད་པའི་ཕམ་ཁ་ཞིག་ཡོད། ཕམ་ཁ་
འདིས་ངའི་སེམས་དབུས་ན་དབེན་ཞིང་ སྨན་པས་བཅོས་ཐབས་མེད་པའི་རྨ་ཁ་ཞིག་ཀྱང་སྦྱིན། ད་ཆ་ངའི་ལག་ཏུ་དེབ་ཆས་དང་རྫིག་རྫིག་
གི་ཆས་ཅི་འདྲ་གྱོན་ཀྱང་ཕྱིས་སུ་རང་ལ་རྒྱལ་ ཁབ་མེད་པ་དང། རང་ཉིད་རྩམ་གཟན་གཞན་དང་བཞིན་དུ་སྐྱབས་བཅོལ་བ་ཞིག་ཡིན་པ་
དྲན་ཚེ་ཡང་བསྐྱར་མངར་བསྐྱུར་གྱི་ཚོར་ངན་གྱི་ལུས་ ཀྱི་ནུས་ཤུགས་ཡོད་ཚད་འཐེན། ཡང་འཚམས་རེར་ས་མཐའི་སྤྲང་ཕྲུག་ངས་རང་
གི་ལག་དམར་གཉིས་པོ་བྲང་ཁར་སྦྱར་ཏེ་བོད་ཡུལ་བསྐྱོད་རྒྱུའི་ དམ་བཅའ་འབུལ་ཀྱང། དམ་བཅའ་འདི་ནི་ཚིག་འགའ་ཙམ་ལས། བོད་
ཀྱི་ཡུལ་དང། བོད་རིགས་སྤུན་ཟླའི་རང་དབང་དང། ཡུལ་ལུང་གཞན་ འཛིན་མེད་པ་ནི་བྱེད་ཐབས་མེད་པ་ཞིག་རེད། འདི་འདྲའི་སྐྱོ་
ཁ་དང་ཕམ་ཁ་དག་ཡང་ནས་ཡང་དུ་རྨིས་ཀྱང། འདི་ལ་གྲུབ་འབྲས་བཟང་པོ་ཞིག་ ད་ལྟའང་མ་སྨིན། བྱས་ན་དུས་ག་སྐབས་ན་བོད་ལ་རང་
དབང་ཐོབ། དུས་ནམ་ཞིག་བོད་ལ་མུན་སེལ་སྒྲོན་མེ་ཞིག་འབར་བསམ་པའི་དྲི་བས་གཟི།
སྐྱབས་བཅོལ་བ་ཞིག་གི་མ་འོངས་པའི་མདུན་ལམ། མི་ཡུལ་གྱི་འཚོ་བའི་ནང་སྤྲེལ་བའི་སྟེང་དུ་འཁྱམ་པོ་ཟེར་བའི་མིང་ངན་ཞིག་འདོགས་
ཏེ། རང་དབང་ལུང་པའི་ནང་དུའང་། བརྗོད་ལས་འདས་པའི་ ན་ཟུག་མང་པོམྱང་དགོས་བྱུང་ནའང། ༸རྒྱལ་བའི་བཀའ་བཞིན་ངས་མུན་
ནག་འདིའི་ནང་ཤེས་ཡོན་འདུན་ལམ་བསྐྲུན་པའི་གོམ་པ་ཆེན་པོ་ཞིག་ བསླང་འཁུར་བྱེད། ང་བོད་པ་ཡིན་པའི་སྤོབས་པ་ཡོད་ལ། སྐྱབས་
བཅོལ་བ་ཞིག་ཡིན་པའི་སྤོབས་པའི་ས་བོན་ཞིག་ཀྱང་སྙིང་ཁོག་ནང་རིམ་པས་ བརྡོལ་བཞིན་ཡོད། ངས་རང་གི་མི་རྣམས་ཀླ་ཀློའི་དཔུང་
ལས་མྱང་པའི་འཕྲོག་བཅོམ་དང་བསད་བཏུབ་ཀྱིས་སྡུག་བསྔལ་ཚོར་ཐུབ་པ་ནི་གཅིག་ མཚུངས་རེད། བྱས་ན་ངས་ད་ལྟ་ནས་ངས་མ་
འོངས་བོད་ཀྱི་མདུན་ལམ་བསྐྲུན་ཆེད་ངས་ད་ལྟ་ནས་གོམ་ཁ་སྤོ་བཞིན་ཡོད། ང་སྐྱབས་བཅོལ་བ་ དང་སློབ་ཕྲུག་ཡིན་པའི་ཆ་ནས་སློབ་ལ་
འབད་པ་བརྒྱ་དང་བརྩོན་པ་སྟོང་བྱས་ནས་མི་ཡུལ་ན་དཀའ་ལས་རྒྱག་བཞིན་ཡོད། ད་དུང་ངས་རང་གི་རྐང་སྣེ་ལས་ཆེ་བའི་གོམ་ཁ་རུ་མ་
རྒྱག་ཡོང་ངེས། ངས་ཁོང་ལ་༸རྒྱལ་དབང་མཆོག་གི་བཀའ་དགོངས་བཞིན་དུ་ངའི་ ལམ་དབུ་མ་ལ་བརྟེན་ཏེ་རང་ཡུལ་མྱུར་དུ་བསླང་ངོ།
མཇུག་བསྡུས། ངའི་གོམ་ཁ་རེ་རེ་བོད་ཕྱོགས་སུ་ཡོད། སྐྱབས་བཅོལ་བའི་མིང་གང་སར་འཁུར་དུས་འདི་ད་ཡོལ་ལ་ཉེ། ངེད་ཅག་བོད་
མི་ཚང་མ་མཐུན་ སྒྲིལ་དང་ལ་རྒྱ་གྱིས་ཨང། ལམ་དབུ་མར་བརྩོན་ཅིག འདི་འདྲའི་ཉིན་རེའི་འཐབ་རྩོད་ཀྱི་བོད་ཀྱི་མུན་པ་སེལ་བའི་ཉི་
མའི་འོད་མདངས་ཞིག་ རབ་ཏུ་འཕྲོ་ངེས། བརྩོན་པར་གྱིས་ཨང། ཁ་བའི་ལྗོངས་ཀྱི་ལངས་ཚོ་རྣམ་པ།



གངས་ལྗོངས་སྐྱིད་པའི་ཞིང་ཁམས།
            སློབ་མ་ངག་དབང་སྒྲོལ་མ།
            འཛིན་གྲྭ་བདུན་པ་གསེར་ཉ
སྤྱིར་སའི་གོ་ལ་ནང་ལུང་པ་འདྲ་མིན་སྣ་ཚོགས་ཡོད་པའི་ནང་ནས་འཛམ་གླིང་ཡང་རྩེར་
གནས་པའི་རང་ཅག་ཕ་ཡུལ་བོད་ལྗོངས་འདི་གཞན་དང་མི་འདྲ་བར་ས་མཐོ་བ་དང། རང་
བྱུང་གི་ཁོར་ཡུག་གཙང་བ། གླིང་ཆེན་ཨེ་ཤེ་ཡེའི་ཆུ་བོའི་བྱུང་གནས། ལྟ་ན་སྡུག་པ་
ཞིག་ཆགས་ཡོད། མཐའ་བསྐོར་དུ་གངས་རི་ར་བས་བསྐོར་ཅིང། སྔོ་ལྗང་གི་སྤང་རི་
དང། གཡའ་རི། ནགས་རི། བྲག་རི་སོགས་ཀྱི་དུ་མས་ཁེངས་ནས་ཡོད་ ཅིང། བོད་
ཀྱི་ས་ཕྱོགས་གང་སར་ཡིད་དབང་འཕྲོག་པའི་སྔོ་ལྗང་གི་མཚོ་དང་མཚེའུའི་སྟེང་དུ་འདབ་
ཆགས་ངང་ངུར་སོགས་ཀྱིས་མཁའ་ལ་ འཕུར་ལྡིང་རོལ་ཞིང་གསུང་སྐད་སྙན་མོས་ཅ་ཅོ་
སྒྲོག་བཞིན་ཞི་བདེར་གནས། ལྷག་པར་དུ་དེར་གནས་པའི་བོད་མི་རྩམ་གཟན་ཡོད་དོ་ཅོག་
ནང་ ཆོས་དད་པ་ཆེ་ཞིང་ཉམས་ལེན་བྱེད་མཁན་ཤ་སྟག་ཡིན་པས། གཞན་ལ་གནོད་འཚེའི་བྱ་བའི་རིགས་ནམ་
ཡང་བྱེད་ཀྱི་མེད་ཅིང། བོད་ཆོལ་ཁ་གསུམ་གང་དུ་གནས་ཀྱང་སྐད་ཡིག་གཅིག་འགྱུར་དང། ཟས་སུ་རྩམ་པ་
ཕྱུ་ར་མར་སོགས་ལ་ལོངས་སྤྱོད་ཀྱི་ཡོད་ཅིང། གྱོན་ཆས་ལའང་ཕྱུ་པ་གྱོན་སྲོལ་ཡོད་པ་གཅིག་མཚུངས་ཡིན།



བོད་ཀྱི་སྐད་ཡིག་གི་གལ་གནད།


སྤེན་པ་རྡོ་རྗེ། འཛིན་གྲྭ་བཅུ་པ་གསེར་ཉ།



སྔར་བྷོ་ཏའི་ལྗོངས་ཀྱི་རྒྱལ་པོ་སོ་གསུམ་པ་སྲོང་བཙན་སྒམ་པོའི་དུས་སུ་བོད་སྤྱི་ལ་དབང་བའི་ཡི་གེ་ཞིག་མཐོང་ཆོས་སུ་མེད་པར་དགོངས་ནས། ཁོང་གི་བློན་པོ་ཐུ་མི་སམ་བྷོ་ཊ་རྒྱ་གར་ཚ་བའི་ཡུལ་དུ་བཏང་གནང་མཛད་དེ། མཐར་བོད་སྤྱི་ལ་དགོས་མཁོ་ཆེ་བའི་བོད་ཀྱི་སྐད་ཡིག་བསྐྲུན་པར་བྱས་ཡོད། སྐབས་དེ་དུས་ནས་རྗེ་སྲོང་བཙན་གྱིས་བོད་ལ་མཁོ་བའི་སྐད་ཡིག་དེ་ངེས་རྒྱ་ཁྱབ་ཏུ་གཏང་སླད་རང་ངོས་ནས་་ཐོས་བསམ་གནང་བ་མ་ཟད། དེའི་ཐོག་སློབ་གཉེར་གྱི་རིམ་པ་ཡང་གསར་པ་བཙུགས།

ཁ་རྒྱུན་ལྟར་མི་རིགས་ཤིག་ལེགས་པར་གནས་པར་ངེས་པར་སྐད་ཡིག་ཞིག་ངེས་པར་དགོས་གལ་ཆེ་བ་ཡིན་ཞེས། སའི་སྟེང་རི་མོ་འབྲི་བ་ལྟར་མ་ཡིན་པར་དངོས་ཡོད་ཀྱི་ལོ་རྒྱུས་ནང་གསལ། རྒྱལ་ཁབ་ཞིག་ཡུན་རིང་འཚོ་བར་བྱས་པ་ལ་ཟས་གོས་གཅིག་པུ་ཙམ་མ་ཡིན་པར་སྐད་ཡིག་དགོས་རྒྱུ་ཧ་ཅང་གལ་ཆེ། སྐད་ཡིག་གི་གཞི་རྩ་ཡག་པོ་ཞིག་ཡོད་ན་མི་རིགས་དེ་རྩ་ཡལ་དུ་འགྲོ་རྒྱུ་མེད་ལ། མ་འོངས་པར་དཀའ་ངལ་གྱི་རིགས་འཕྲད་ཀྱང་ཇི་སྲིད་སྐད་ཡིག་ཡོད་ཚེ་མི་རིགས་དེ་འཚོ་ཐུབ་པ་ཡིན།

དེང་སང་འཛམ་གླིང་སྤྱི་ལ་དབྱིན་ཡིག་ཁྱབ་ཆེན་པོ་ཞིག་ཡོད་ནའང་། དབྱིན་ཡིག་རྐྱང་པ་ཤེས་པ་ཙམ་གྱི་མི་འགྲིག་པར་རང་གི་རྒྱལ་ཁབ་ཀྱི་མཐོང་རྒྱུ་ཡོད་པའི་སྐད་ཡིག་ཇི་མ་ཇི་བཞིན་ཤེས་རྒྱུ་དེ་བས་གལ་ཆེ། དེའི་ཐོག་མཁས་པ་མང་པོས་བཀའ་སློབ་ཕེབས་ཟིན་ལ། བོད་ཀྱི་མཁས་པ་ཆེན་པོ་མང་པོས་ཡང་དངོས་ཡོད་ཀྱི་བཀའ་སློབ་ཕེབས་ཡོད། བོད་ཀྱི་མཁས་པ་རྗེ་གུང་ཐང་པས་གསུང་ལས།



        ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།།            ཐམས་ཅད་ལད་མོ་བྱས་ན་ཀླད་མེད་ཡིན།།         

        སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།།   རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།



ཞེས་གསུངས་པ་བཞིན་སྐད་ཡིག་ཐམས་ཅད་ཤེས་ན་བཟང་པོ་ཡིན་ནའང་། རང་གི་ཕ་སྐད་དེ་རླུང་ཁྲོད་ཀྱི་མར་མེ་ལྟར་ཡལ་འགྲོ་བ་ན་ངོ་ཚ་ཡིན་པ་ཤེས་དགོས།  དེང་དུས་རབས་ཉིར་གཅིག་པའི་ནང་དབྱིན་ཡིག་ཤེས་རྒྱུ་དེ་གལ་གནད་ཆེ་བ་ཞིག་དང་མི་སུ་འདྲ་ཞིག་ཡིན་རུང་ཕན་ཚུན་གོ་བརྡ་སྤྲོད་བར་དབྱིན་ཡིག་དགོས་ངེས་ཡིན་ཡང་། རྩམ་གཟན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་མ་ཤེས་ན་མི་འགྲིག་པ་དང་། ཤེས་དགོས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན། བོད་ཀྱི་སྐད་ཡིག་ནི་ནང་ཆོས་དང་འབྲེལ་མ་བ་གཏིང་ཟབ་ཡོད་ལ། ལོ་བརྒྱ་ཕྲག་མང་པོའི་སྔར་བོད་ཀྱི་ལོ་རྒྱུས་མཐོང་ཆོས་སུ་ཡོད།  དེར་བརྟེན་བོད་མི་ཚོས་ནང་ཆོས་སློབ་སྦྱོང་བྱ་རྒྱུ་དང་། ད་ལྟའི་བཙན་བྱོལ་གྱི་གནས་བབ་ལ་བལྟས་ཚེ་ང་ཚོས་རང་གི་སྐད་ཡིག་ཁོག་པའི་སྙིང་ལྟར་སྲུང་སྐྱོབ་བྱ་དགོས་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད། དེ་ཙམ་མིན་པར་མ་འོངས་བོད་དེ་ལེགས་པར་གནས་པ་ལ་ད་ལྟ་ནས་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་དང་། རྒྱ་ནག་ལས་ཐ་དད་དུ་ཡིན་པའི་རྒྱུ་མཚན་ཡག་ཤོས་ཅིག་ནི་རང་གི་རྒྱལ་ཁབ་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་ཡིན། དེར་བརྟེན་ངས་དུས་རྟག་ཏུ་སོ་སོའི་བོད་ཀྱི་སྐད་ཡིག་དེ་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་ཡོད།






འབྲི་ཀློག་གི་ཤེས་ཡོན་ལས་མིའི་ཀུན་སྤྱོད་སྤྱོད་གལ་ཆེ།



ལྷག་པ་སྒྲོལ་མ།    དགུ་པ་བུམ་པ།



ཐོག་མར་འགྲོ་བ་མི་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་ཡོད་པ་ནི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་་ཡིན། ཡིན་ནའང་དེང་སང་འཛམ་བུ་གླིང་དེའི་ནང་སྡུག་བསྔལ་མང་པོ་ཞིག་ཡོང་བསྡད་པ་དང་། འགྲོ་བ་མི་དང་མིའི་བར་བསམ་ཤེས་མེད་པའི་རྐྱེན་གྱིས་ཕན་ཚུན་མ་སྐྱིད་པའི་ཚོར་བ་མང་པོ་ཞིག་ཡོང་བ་ནི་གཙོ་བོ་བཟང་སྤྱོད་མ་མདང་བ་ལ་བརྟེན་ནས་བྱུང་། དེ་ཡང་བཟང་སྤྱོད་ཞེས་པ་ནི་རྒྱུན་དུ་སེམས་ཅན་གཞན་དང་འགྲོ་བ་ཀུན་ལ་ཕན་པ་བསྒྲུབ་རྒྱུ་དང་གཞན་སེམས་ཤེས་ཚོར་ཐུབ་པ། ཆོག་ཤེས་དང་ནང་གི་ཡོན་ཏན་། དེ་ཙམ་དུ་མ་ཟད་རྒྱུན་དུ་སེམས་ཅན་གཞན་ལའང་བསམ་ཤེས་ཐུབ་མཁན་གྱི་གང་ཟག་རྣམ་སྤྱོད་ཅན་ཞིག་ལ་ཟེར།

དེ་སྔོན་ང་ཚོར་བོད་མི་རྣམས་ནི་རྒྱུན་དུ་སེམས་པར་བདེ་བར་གནས་པ་དང་ཕན་སེམས་ལ་རྗེས་སུ་ཡི་རངས། ཆོག་ཤེས་དང་ནང་གི་ཡོན་ཏན་ཙམ་དུ་མ་ཟད་རྒྱུན་དུ་བྱམས་པ་དང་བརྩེ་བ་ཁོ་ན་ཡོད་པས་མཛུམ་མདངས་ཀྱི་ཞལ་རས་གད་མོ་ཚེག་ཚེག་བཏོན་པ་ནི་ཏན་ཏན་་བཟང་སྤྱོད་ཀྱི་ནུས་པ་ལས་ཡིན། བྱས་ཙང་མི་གཅིག་གྱི་མི་ཚེའི་འཚོ་བའི་འཕྲོད་བལྟས་པ་ཡིན་ནས་འབྲི་ཀློག་གཉིས་ཀྱིཤེས་ཡོན་ལས་ཀྱང་བཟང་སྤྱོད་གལ་ཆེ།

དོན་ཚན་གཉིས་པ། བཟང་སྤྱོད་ལྡན་མཁན་གྱི་སྐྱེ་བོ་ཞིག་ལ་མཚོན་ན་ས་ཕྱོགས་གང་དུ་ནང་གནས་པ་དང་། སྤྱི་ཚོགས་གང་དུ་བསྐྱོད་པ་ཡིན་ནའང་། མི་ཚང་མའི་དགའ་མོས་བྱེད་ས་དང་ཡིད་ཆེས་བྱེད་སའི་སྐྱེ་བོ་དམ་པ་ཞིག་ཏུ་གྱུར།དེ་ལས་ལྡོག་ཏེ་དེ་སང་དུས་རབ་ཉེར་གཅིག་པའི་ནང་ཡོང་དང་ཡོང་པ། འགྲོ་དང་འགྲོ་བཞིན་པའི་སྤྱི་ཚོགས་ལྷིང་འཇགས་མེད་པ་བཟོ་མཁན་ཞི་བདེ་རྩ་བརླག་གཏོང་མཁན་གྱི་འཇིགས་སྐུལ་རིང་ལུགས་པ་ཚོས་སྙིང་རྗེ་སྤུ་ཙམ་མེད་པར་འཛམ་བུ་གླིང་དེའི་ནང་མི་སྟོང་ཕྲག་མང་པོ་རྩ་་མེད་བཏང་པ་དང་་། སྤྱི་ཚོགས་རྡབ་གསིག་བཟོས་པ་དེས་ག་རེ་མ་འདངས་བའི་རྐྱེན་རེད་ཟེར་ན། ཁོང་ཚོའི་རྒྱུད་ལ་བཟང་སྤྱོང་མ་འདང་བ་རེད་མ་གཏོགས་ཁོང་ཚོར་དེ་དུས་ཀྱི་ཤེས་ཡོན་འབྲི་ཀློག་མ་འདངས་བས་རེད་བསམ་པ་གཏན་ནས་མེད།སོང་ཙང་དེང་དུས་ཀྱི་ཤེས་ཡོན་འབྲི་ཀློག་ཐོག་མཁས་པ་ག་ཚོད་ཡིན་ནས་བཟང་སྤྱོད་མེད་ན་རྐྱོན་ཆེན་པོ་ཡིན།

དོན་ཚན་གསུམ་པ།  དེང་སང་ཚན་རིག་པ་སྙན་གྲགས་ཅན་རྣམས་ཀྱིས་མིའི་སེམས་ཁམས་ལ་བརྟག་དཔྱད་བྱེད་པའི་གྲུབ་འབྲས་དང་། དེ་བཞིན་རྒྱལ་སྤྱིའི་ཤེས་་ཡོན་ཅན་རྣམ་པ། ལྷག་པར་རུ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས།དེང་དུས་ཀྱི་ཤེས་ཡིན་སློབ་སྦྱོང་བྱེད་སྟངས་དེར་འདོད་བློ་ཁེང་གི་མེད་པ་དང་། དེང་གི་ཤེས་ཡོན་རྣམ་པའི་ནང་བཟང་སྤྱོད་གལ་ཆེན་དུ་བརྩིས་ནས། དེང་སང་སློབ་གྲྭ་ཁག་ལ་སློབ་ཚན་གསར་པ་ཞིག་གཏན་འབེབས་བྱེད་ཡོད་པ་ནི་ཆོས་དང་མ་འབྲེལ་བའི་བཟངསྤྱོད་སྐོར་ཡིན་པ་ནི་རྒྱུ་མཚན་དེ་ལ་ཐུག་ཡོད།དེ་ཡང་ཁོང་རྣམ་པའི་དམིགས་ཡུལ་གཙོ་བོ་ནི།མིགཅིག་གི་མི་ཚེའི་ནང་འབྲི་ཀློག་གི་ཤེས་ཡོན་ཡོད་པ་ཙམ་གྱི་མི་ཆོག་པར་བཟང་སྤྱོད་ནི་དེ་ལས་ཀྱང་གལ་ཆེ་བ་བརྩི་བཞིན་ཡོད་པས་ཡིན།བྱས་ཙང་བཟང་སྤྱོད་ནི་མེད་ཐབས་མེད་པས་ངེས་པར་དུ་ང་ཚོའི་གཤིས་རྒྱུད་ནང་དགོས་པ་ཡིན།